《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月13日

ནད་ལྟ་བ་དང་སྨན་སྤྲད་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་པེ་ཅིང་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་28ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ནས་ཚོང་ཤག་100ལྷག་ཙམ་དང་ལས་མི་40ལྷག་ཙམ་ལ་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་དང་བཅོས་དཀའི་ནད་བློ་འདྲི་བྱས་པ་མ་ཟད། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། དེ་དང་དུས་མཚུངས་ཀྲུང་གོ་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིར་སྒོར་ཁྲི་གཅིག་རི་བའི་སྨན་རྫས་སྤྲད་པ་རེད།

འདི་ནི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་སྐུ་མགྲོན་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།