《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月13日

བོད་ཀྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་མཇུག་འགྲིལ་བ།

བྱ་དགའ་རིམ་པ་དང་པོ་ཐོབ་མཁན་རྒྱལ་ཡོངས་ཀྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོའི་ནང་ཞུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར“ཀྲུང་གོའི་གཤོག་ཟུང་གསར་གཏོད”ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་ཐོན་འགྲན་བསྡུར་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་མཐའ་བསྡུར་ཉིང་ཁྲི་གྲོང་ཁྱེར་དུ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ཟླ་4ཚེས་22ཉིན་འགོ་ཚུགས་པ་ནས་བཟུང་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་མཛུབ་ཁྲིད་ཞིབ་ཚགས་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ལྷན་གྱིས་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་བ་དང་འགྲན་བསྡུར་ཆེ་མོའི་འགན་འཁུར་ཚན་པ་དང་ལག་རྩལ་རྒྱབ་སྐྱོར་ཚན་པས་ལེགས་ཆའི་ཐོན་ཁུངས་དང་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཟླ་8ཚེས་4ནས་ཚེས་7ཉིན་བར་འགྲན་བསྡུར་ཆེ་མོའི་བསྐྱར་མའི་འགྲན་བསྡུར་དང་མཐའ་བསྡུར་རིང་ད་དུང་ལྗོངས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཐོན་རྫས་ཚོང་འདུས་དང་། ལས་གཏོད་གསར་གཏོད་ལས་དོན་བཞུགས་མོལ་ཚོགས་འདུ། ལས་གཏོད་རྣམ་གྲངས་མ་འཇོག་དང་མ་དངུལ་མཉམ་འདྲེས་ངོ་འཕྲད་གྲོས་མོལ་ཚོགས་འདུ། ལས་གཏོད་རྣམ་གྲངས་ནང་སྦྱོང་སྒར་ས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

མཇུག་འགྲིལ་མཛད་སྒོའི་ཐོག་བསྐྱར་མའི་འགྲན་བསྡུར་ནས་ལེགས་འདེམས་བྱས་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་26གིས་ས་གནས་ས་ཐོག་ཏུ་འགྲེམས་སྟོན་བྱས་པ་དང་། དཔྱད་ཞིབ་ཚོགས་པའི་འཐུས་མི་ཝུའུ་ཤོན་ཡོན་གྱིས་རྣམ་གྲངས་ལ་དཔྱད་འདེམས་བྱས་པ་དང་སྐུ་མགྲོན་ཚོས་སྐབས་འདིའི་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐོབ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་རྟགས་མ་དང་བྱ་དགའི་དངུལ་སྤྲད་པ་རེད། སྐབས་འདིའི་འགྲན་བསྡུར་ཆེ་མོའི་རྣམ་གྲངས་ཚོགས་ཆུང་གསུམ(དབུལ་སྐྱོར་ཚོགས་ཆུང་དང་། གསར་གཏོད་ཚོགས་ཆུང་། ལས་གཏོད་ཚོགས་ཆུང་བཅས་ཡིན)ནས་བྱ་དགའ་རིམ་པ་དང་པོ་3དང་། བྱ་དགའ་རིམ་པ་གཉིས་པ་6 བྱ་དགའ་རིམ་པ་གསུམ་པ་9 ཕུལ་བྱུང་བྱ་དགའ་8 ཕུལ་བྱུང་སྒྲིག་འཛུགས་ཚན་པའི་བྱ་དགའ་1བཅས་བདམས་པ་དང་བྱ་དགའ་དངུལ་མང་ཤོས་སྒོར་ཁྲི་5ཡིན། དེའི་ནང་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་མི་སྤྱི་པུས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོའི་ངང་ཞུགས་རྒྱུ་ཡིན་པ་རེད།