《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月12日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་བྱེད་སྐབས་ཤེས་པའི་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་སྐོར(གསུམ་པ)

སྐོར་གཟིགས་བྱེད་སྐབས་ཤེས་པའི་མཚོ་སྣ་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་མེད་པ་དང་། ཆབ་སྲིད་འཛུགས་སྐྱོང་ལ་ཧེ་བག་ཡོད་པ། གནད་སྨིན་དབུལ་སྐྱོར་འཐབ་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་མེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་མེད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ལས་དོན་གནད་འཁེལ་མ་བྱུང་བ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ་བཅས་དང་། གཉིས་ནི་བྱེད་པོའི་འགན་འཁྲི་སྒྲུབ་སྐབས་ཟོལ་འཇོག་བྱེད་པ་དང་ལྟ་སྐུལ་འགན་འཁྲི་ཉམས་ཞན་དུ་སོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་གནད་དོན་ཡང་ཡང་ཐོན་པ། དགོས་པའི་ལས་མི་བྱེད་པ་དང་། ནར་འགྱངས་བྱེད་པ། མི་དགོས་ལས་རྙོག་བཟོ་བ། ཕྱི་ཚུལ་རིང་ལུགས་བཅས་ཀྱི་གནད་དོན་མངོན་གསལ་དོད་པ། གསུམ་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་ཚད་ལྡན་མེད་པ། མི་སྣ་འདེམས་སྤྱོད་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གནད་འཁེལ་མ་བྱུང་བ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཏན་ཏིག་མེད་པ། བཞི་ནི་ལས་བྱེད་པ་དང་ལས་བཟོར་སྔར་བཞིན་འཐུང་ཆུའི་དཀའ་གནད་ཡོད་པ་དང་། རྫོང་ཡོངས་ཀྱི་ཨར་སྐྲུན་ཁྱབ་ཁོངས་སུ་རྩོད་གཞི་མང་བ། ཡིག་བསྐུར་ངོ་བཅར་གྱི་དོན་ཚན་མང་བ་སོགས་ཀྱི་གནད་དོན་དག་ཐེར་གནད་འཁེལ་མ་བྱུང་བ། སྒྲིག་འགལ་སྣེ་ལེན་དང་། སྒྲིག་འགལ་རྩིས་ཞུ། དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་སོགས་ཀྱི་གནད་དོན་ཟུར་བསྟན་ལེབ་མཐོང་བྱེད་ཤུགས་མི་འདང་བ། དག་ཐེར་བྱེད་ཀྱིན་དུ་ནོར་འཁྲུལ་ཤོར་བ་བཅས་རེད། དེ་དང་ཆབས་ཅིག སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་རྒྱ་ཚ་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གནད་འཁེལ་མ་བྱུང་བ་དང་དུས་ཐོག་ཏུ་བྱས་མེད་པ། ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་སྐབས་ཡིག་ཆ་དང་ཟིན་བྲིས་བཀླགས་པ་ལས་དོན་དངོས་དང་ཟུང་འབྲེལ་གྱིས་གྲོས་བསྡུར་བྱས་མེད་པ། ཆོས་ལུགས་སྲིད་ཇུས་དོན་འཁྱོལ་གནད་འཁེལ་མ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་ཐད་སྔར་བཞིན་ཁྱད་པར་ཡོད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་མེད་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི་དང་ལས་སྒོ་གཙོ་བོ་མངོན་གསལ་དོད་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཡང་ཡང་ཐོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་ནུས་ལྡན་མི་ཐུབ་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྒམ་ནན་མེད་པ། རྩ་འཛུགས་མི་དོན་ལས་དོན་ཏན་ཏིག་མེད་པ། ཏང་འཛུགས་སྐྱོང་ལས་དོན་ཏན་ཏིག་མེད་པ། བཞི་ནི་རྩིས་བཤེར་དག་ཐེར་འགན་འཁྲི་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། རྩིས་བཤེར་ལྟ་སྐུལ་བྱེད་སྐབས་ཤེས་པའི་གནད་དོན་དག་ཐེར་བྱེད་དགོས་ཀྱང་སྔར་བཞིན་དག་ཐེར་བྱས་མེད་པ་བཅས་རེད། དེ་དང་ཆབས་ཅིག སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་འབྲི་རུ་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་སྐབས་ཁྱད་པར་ཡོད་པ། གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཧེ་བག་ཡོད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་འདུ་ཤེས་མི་འདང་བ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་མི་འདང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། རྫོང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་འདུ་ཤེས་ཟབ་པོ་མེད་པ། སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དང་འགན་འཁྲི་འཁུར་ཤུགས་གནད་འཁེལ་མ་བྱུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་པ། དགོས་པའི་ལས་མི་བྱེད་པ་དང་། ནར་འགྱངས་བྱེད་པ། མི་དགོས་ལས་རྙོག་བཟོ་བའི་གནད་དོན་མངོན་གསལ་དོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། རྫོང་ཨུད་ཀྱིས་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་ཚད་མི་འདང་བ། རྩ་འཛུགས་མི་དོན་ལས་དོན་ཚད་ལྡན་མེད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ནན་པོ་དང་ཏན་ཏིག་མེད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དག་ཐེར་གནད་འཁེལ་མ་བྱུང་བ། འགན་འཁྲི་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། གནད་དོན་ཁག་གཅིག་དག་ཐེར་ཐུབ་མེད་པ། དེ་དང་ཆབས་ཅིག སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།