《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月12日

ལྗོངས་སྲིད་གྲོས་ཀྱིས“རིག་དཔལ་དར་བའི་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ་འགོ་ཚུགས་མཛད་སྒོ་འཚོགས་པ།

ཏིང་ཡེ་ཤན་འགོ་ཚུགས་མཛད་སྒོར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“རིག་དཔལ་དར་བའི་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་སྦྱངས་ནས་འབྲས་བུ་ཐོབ་པ་དང་། སྦྱངས་པ་གོ་ཆོད་པ། སྤྱོད་སྒོར་དམིགས་ནས་སློབ་སྦྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དཔེ་ཀློག་གི་གྲུབ་འབྲས་དེ་འགན་འཁྲི་གཙང་སྒྲུབ་ཀྱི་འཇོན་ཐང་དངོས་ལ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བསྟན་ཁོ་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་འདི་ལོའི་ཟླ་ལྔ་པར་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་དང་། སློབ་སྦྱོང་རྣམ་པའི་སྲིད་གྲོས་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དང་འཚམ་པ་དང་འགན་སྒྲུབ་བྱེད་སྟངས་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་དང་གོང་བུ་འགྲིལ་ནུས་ཆེ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་དེ་བས་ལེགས་པར་གཅིག་མཐུན་ཡོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན་པས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ངོས་ནས་བརྗོད་ན་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ངེས་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལས་དོན་པ་ཚོས་དཔེ་ཀློག་བྱེད་སྒོ་སྤེལ་རིང་། དཔེ་དེབ་ཀློག་པ་དགའ་ཞེན་དང་འཚོ་བའི་གོམས་གཤིས་སུ་གྱུར་པར་བྱས་ནས་དཔེ་ཀློག་ལ་དགའ་པོ་ཡོང་བར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་དང་ལྷག་དོན་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞིབ་པར་ཀློག་པ་ལས་འགན་གལ་ཆེན་དུ་བརྩིས་ནས་དཔེ་དེབ་ཡག་པོ་ཀློག་པ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པ་དཔེ་ཀློག་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་དང་དོན་དངོས། རྒྱལ་ནང་དང་རྒྱལ་ཕྱི་བསྡུར་བའི་ཁྲོད་ནས“གདེང་ཚོད་བཞི”ཀློག་ཐུབ་པ་བྱས་ནས་དཔེ་དེབ་ཀློག་མཁས་པོ་བྱེད་དགོས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་དཔེ་ཀློག་བྱེད་སྒོ་དང་ལག་ལེན་ཟུང་འབྲེལ་དང་འགན་སྒྲུབ་ལ་ཕྱོགས་ནས་བཀླགས་པའི་དཔེ་དེབ་དངོས་ཡོད་འཚོ་བར་སྤྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་དཔེ་ཀློག་བྱེད་སྒོར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ནས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ། དཔེ་ཀློག་གི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་སྲིད་གྲོས་ཀྱི་རིགས་ཁོངས་ལས་བརྒལ་བའི་རིག་གཞུང་ཚན་ཁག་གི་ལེགས་ཆ་ཡག་པོ་བཏོན་ནས་ཇུས་འདོན་དང་སྲིད་དོན་སྐྱོང་རོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)