《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

དྲ་ཐོག་ནས་སྨན་བཅོས་ཞབས་འདེགས་ཞུས་ནས།

མི་སེར་ཚོར་ནད་གཞི་སྔར་བས་ལྟ་བདེ་པོ་བཟོས་པ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དྲ་སྦྲེལ་དང་སྨན་བཅོས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དྲ་ཐོག་སྨན་བཅོས་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་ནས། མི་སེར་ཚོར་ནད་གཞི་ལྟ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བར། ས་གནས་ས་ཐོག་ཏུ་གྲལ་བསྒྲིགས་ནས་ཨང་ཀི་འགོག་མཁན་གྱི་ནད་པ་སྔོན་ཆད་དང་བསྡུར་ན་ཧ་ཅང་ཉུང་དུ་ཕྱིན་ནས་སྨན་བཅོས་ལས་ཆོད་ཆེ་རུ་ཕྱིན་ཡོད་པ་རེད།

སྨན་བཅོས་བྱེད་པར་ཡོང་བའི་མཁྱེན་ལྡན་མ་ཡོན་ལགས་ཀྱིས་གསར་འགོད་པར། སྔོན་ཆད་ཨང་ཀི་འགོག་སྐབས་གྲལ་རིང་པོ་སྒྲིག་དགོས། ད་ཆ་ནད་པ་མང་པོ་ཞིག་གིས་དྲ་ཐོག་ནས་ཨང་ཀི་འགོག་གི་ཡོད་པས་འཚང་ཁ་ཤིག་ཤིག་གིས་གྲལ་སྒྲིག་དགོས་ཀྱི་མི་འདུག “རང་འགུལ་ཨང་ལེན་འཕྲུལ་ཆས་བསྒར་བ་དང་དྲ་ཐོག་ནས་ཨང་ཀི་མངགས་པ་ནས་བཟུང་། ནད་པས་ཐད་ཀར་སྐད་འཕྲིན་དང་གཏོང་སྤྲོད་འབོ་སྤྱད་དེ་ཨང་ཀི་འགོག་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད་པ་རེད།

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གསུམ་པའི་གཙོ་བཅོས་སྨན་པ་ཉི་ཕུན་གྱིས་གསར་འགོད་པར། སྨན་པས་ནད་པའི་གནས་ཚུལ་ལ་གཞིགས་ནས་དུས་ཚོད་བགོས་ཏེ་སྨན་བཅོས་བཀོད་སྒྲིག་བྱས་ཏེ། དྲ་ཐོག་ནས་འབྲེལ་ཡོད་སྨན་ཡིག་འབྲི་གི་ཡོད། ནད་པས་དྲ་ཐོག་ནས་སྨན་རིན་སྤྲད་རྗེས་སྨན་ཁང་གི་སྨན་ལེན་ས་ནས་ཐད་ཀར་སྨན་བླང་ཆོག་པ་དང་། གལ་སྲིད་སྨན་བཅོས་དུས་ཚོད་ཡོལ་ཚེ་མ་ལག་ནས་ཁོ་ཚོས་སྤྲད་པའི་སྨན་རིན་ཚང་མ་ཚུར་སློག་གི་ཡོད་ཅེས་བཤད།

“སྨན་ཁང་གིས་དྲ་ཐོག་ཞབས་འདེགས་ཞུས་ཚུན་དུ། ནད་པས་འཚང་ཁ་རྒྱག་མི་དགོས་པར་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་ཐུབ། སྨན་དོན་མི་སྣའི་ལས་ཕྱོད་ཀྱང་ཧ་ཅང་མཐོ་རུ་ཕྱིན་ཡོད”ཅེས་ཉི་ཕུན་གྱིས་གསར་འགོད་པར་བཤད།

དྲ་ཐོག་ནས་སྨན་བཅོས་ཞབས་འདེགས་སྤུས་ལེགས་ཞུས་ཏེ་མི་སེར་ཚོས་སྔར་བས་བློ་བདེ་པོའི་ངང་སྨན་བཅོས་བྱེད་ཐུབ་པར་བྱེད་པ་ནི་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་སྨན་དོན་ལས་དོན་པ་ཚོའི་ཐུན་མོང་གི་རེ་འདུན་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)