《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

2020ལོའི་བོད་ཀྱི་ཆེད་དམིགས་གསོ་སྦྱོང་གི་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་འདེགས་ཞུ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། 2020ལོའི་བོད་ཀྱི་ཆེད་དམིགས་གསོ་སྦྱོང་གི་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་འདེགས་ཞུ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

ད་ཐེངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་འདེགས་ཞུ་བའི་བྱེད་སྒོར་འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན་30ཙམ་གདན་དྲངས་ནས། ཚོགས་ཆུང་ཁག་བགོས་ཀྱིས་རང་ལྗོངས་ཀྱི་ལྗོངས་ཐད་གཏོགས་དང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ། དེ་བཞིན་ནག་ཆུ་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་4ཡི་རྫོང་དང་ཆུས་9ཡི་འབྲེལ་ཡོད་ཚན་པའི་མི་600ལྷག་ཙམ་ལ་བརྗོད་དོན་གཙོ་བོའི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཞི་རིམ་གྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་དང་བསམ་ཕྱོགས་དང་ལག་རྩལ་གྱི་ཇུས་གཞི་མཁོ་འདོན་བྱ་རྒྱུ་རེད།

སྐབས་དེར་རིགས་གཅིག་མཁས་ཅན་ཚོས་དཔལ་འབྱོར་ནགས་ཚལ་འདེབས་གསོ་དང་། སྲོག་ཆགས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ས་མཐོའི་འབྲོག་ར་དང་རྩྭ་ཐང་དུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། གྲོང་གསེབ་ཀྱི་དཔལ་འབྱོར་རྩ་འཛུགས(མཉམ་ལས་ཁང)ཐོན་ལས་དབུལ་སྐྱོར་སོགས་ཀྱི་ནང་དོན་ལ་དམིགས་ནས། རིགས་གཅིག་མཁས་ཅན་གྱི་བགྲོ་གླེང་དང་། ལག་རྩལ་གསོ་སྦྱོང་། དེ་བཞིན་ས་གནས་ས་ཐོག་གི་མཛུབ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།