《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

བོད་དུ་ལས་སྒྱུར་བྱས་པའི་འབུམ་རམས་པ་བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་ གཞོན་པ་ཀྲང་ཤིན་ཐང་།

“མཐོ་རིམ་སློབ་གསོར་ཚེ་གང་ལེགས་སྐྱེས་འབུལ་རྒྱུ་ཡིན”

ཀྲང་ཤིན་ཐང་ནི་ཁུང་ཧྥན་སེན་གྱི་ཕ་ཡུལ—ཧྲན་ཏུང་ལེའོ་ཁྲེང་ནས་ཡིན་པ་དང་ཁུང་ཧྥན་སེན་གྱི་མི་སེམས་འགུལ་བའི་བྱས་རྗེས་ཀྱི་བག་ཆགས་ཟབ་མོས་ཁོང་གིས་བོད་ལ་དམིགས་བསལ་གྱི་དུང་སེམས་ཤིག་བཅངས་པ་དང་ཉིན་ཞིག་བོད་དུ་བསྐྱོད་དེ་བོད་ཀྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་འདུན་པ་འཆང་། 2014ལོའི་ཟླ་11པར་ཀྲང་ཤིན་ཐང་ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་15པར་ཞུགས་ཏེ་བོད་ལྗོངས་སློབ་ཆེན་དུ་ལས་ཀ་བྱེད་པར་སླེབས། 2015ལོའི་ཟླ་9པར་བོད་སྐྱོར་ལས་དོན་མཇུག་འགྲིལ་ཉེར་ཡོད་པའི་སྐབས་ཁོང་གིས་བོད་དུ་སྡོད་རྒྱུའི་སེམས་ཐག་བཅད།

དེ་སྔ་ཀྲུང་གོ་མི་དམངས་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཆིང་ཧྭ་སློབ་ཆེན་བཅས་སུ་སློབ་སྦྱོང་བྱེད་མྱོང་བ་དང་ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས(ཆབ་སྲིད་རིག་པའི་མཆོག་རམས་པ)ཐོབ་པའི་ལོ་རྒྱུས་དེ་ལྟ་བུ་ཡོད་པའི་དབང་གིས་གཉེན་ཉེ་དུ་ཚོས་ཀྲང་ཤིན་ཐང་བོད་དུ་སྡོད་རྩིས་བྱས་པར་བློ་མོས་དེ་ཙམ་མ་བྱུང་ཞིང་། “ཁྱེད་རང་བོད་ནས་ཁ་བྲལ་འདོད་མེད་ཚེ་མུ་མཐུད་བོད་སྐྱོར་བྱས་ན་འགྲིག་མོད། ཚེ་གང་དེ་གར་སྡོད་དགོས་དོན་མེད”ཅེས་བཤད།

“དེ་གར་རང་ཉིད་ཀྱི་ཁྱིམ་དུ་བརྩི་བ་དང་མི་དམངས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ནས་དེ་གའི་ལས་དོན་མཐའ་དག་ལ་བརྩེ་སེམས་ཟོལ་མེད་འཆང་བ་དང་རང་ཉིད་དངོས་སུ་དེའི་ཁྲོད་ཞུགས་ཚེ་གཞི་ནས་ངའི་ལས་ཀར་དོན་སྙིང་ལྡན་ལ་ཕན་ནུས་ཐོན་སྲིད། ངས་བོད་ཀྱི་མི་དམངས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་བོད་ཀྱི་མཐོ་རིམ་སློབ་གསོར་ལེགས་སྐྱེས་ཧུར་ཐག་འབུལ་རྩིས་ཡོད”ཅེས་ལོ་40ལ་སླེབས་པའི་ཀྲང་ཤིན་ཐང་གིས་བློ་ཐག་ཆོད་པོས་བོད་དུ་སྡོད་རྒྱུའི་རེ་ཞུ་ཕུལ་ནས་རང་ཉིད་ཀྱི་ཚེ་སྨད་གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ་རྒྱུའི་གྲ་སྒྲིག་བྱས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

བོད་དུ་ལས་སྒྱུར་བྱས་རྗེས། ཀྲང་ཤིན་ཐང་གིས་བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པའི་འགན་ཁུར་ནས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་བཞིན་སློབ་གྲྭ་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཚོགས་སྐབས“སློབ་ཚན་ཉན་མཁན་ཉུང་བ་དང་བློ་ཡིད་ཚིམས་ཚད་དམའ་བའི”གནད་དོན་ཡོད་པ་ཤེས་རྗེས། ཀྲང་ཤིན་ཐང་གིས་སྣེ་ཁྲིད་དེ་བོད་ལྗོངས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་ལ་བརྟག་ཞིབ་བྱས་ཏེ་མཛུབ་ཁྲིད་བྱས་པས་བོད་ལྗོངས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

གཞན་ཡང་། ཁོང་གིས་རང་ཉིད་ཀྱིས་དེ་སྔ་བོད་ལྗོངས་སློབ་ཆེན་དུ་བོད་སྐྱོར་ལོ་གཅིག་བྱེད་རིང་སློབ་གྲྭའི་ལས་སྒོར་རྒྱུས་མངའ་ཡོད་པའི་ལེགས་ཆ་སྤྱད་དེ། 《བོད་ལྗོངས་སློབ་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》རྩོམ་འབྲིའི་གཙོ་འགན་འཁུར་བ་དང་འབྲེལ་དགེ་སློབ་ལས་བཟོའི་འཐུས་མི་ཚོགས་འདུའི་ཐོག་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱབ་སྐྱོར་ཐོབ་པ་རེད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། བོད་ལྗོངས་སློབ་ཆེན་གྱིས“ཁག་ཐེངས་དང་རིགས་དབྱེ་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་དྲ་ཐོག་དང་དྲ་བའི་ཕྱི་རོལ་དུ་སྲུབས་ཀ་མེད་པར་འབྲེལ་མཐུད་བྱེད་པའི”རྩ་དོན་གཞིར་བཟུང་འགྲན་སློང་གོ་སྐབས་སུ་བསྒྱུར་ཏེ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་དྲ་ཐོག་གི་སློབ་ཁྲིད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སློབ་ཁྲིད་སྤུས་ཚད་ཞན་དུ་མི་འགྲོ་བ་དང་ཚད་གཞི་དམའ་རུ་མི་འགྲོ་བའི་འགན་ལེན་བྱས་པ་རེད།

“ང་ཚོས‘སློབ་གླིང་རེ་ལ་ཐབས་ཇུས་རེ’དང་། དགེ་རྒན་རེ་ལ་ཐབས་ཇུས་རེ། སློབ་མ་རེ་ལ་ཐབས་ཇུས་རེ’”བཅས་ཀྱི་ཚད་གཞི་ཆེ་རུ་བཏང་སྟེ་དྲ་ཐོག་སློབ་ཁྲིད་ལས་དོན་བརྟན་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད”ཅེས་ཀྲང་ཤིན་ཐང་གིས་བཤད་པ་དང་བོད་ཀྱི་ཐག་རིང་ཞིང་འབྲོག་ཁུལ་ཁ་ཤས་སུ་འཕྲིན་གཏོང་སྟབས་བདེ་མེད་པ་དང་དྲ་རྒྱའི་བརྡ་རྟགས་ཡག་པོ་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་དགེ་རྒན་གྱིས་སྦྲག་སྒམ་བརྒྱུད་སློབ་མར་གློག་རྡུལ་སློབ་སྦྱོང་ཐོན་ཁུངས་བསྐུར་བ་དང་ཁྱིམ་ཚང་གི་སྡོད་གནས་ཐག་རིང་ལུང་ཁུག་ཡིན་པའི་སློབ་མར་ཤོག་པར་གྱི་སློབ་སྦྱོང་དཔྱད་གཞི་བསྐུར་ནས་སློབ་གསོ་དང་སློབ་ཁྲིད་ཐད་སློབ་མ་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་རེད།

བོད་དུ་སླེབས་ནས་ལོ་དྲུག་སོང་ཚུན། ཀྲང་ཤིན་ཐང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་ཀྱི་འཐབ་ས་དང་པོར་ལས་དོན་སྤེལ་ནས་བོད་ལྗོངས་སློབ་ཆེན་དང་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭར་རིག་གཞུང་སྙན་སྒྲོན་དང་འཆད་ཁྲིད་ཐེངས་50ལྷག་ཙམ་བྱས་པ་དང《བོད་ལྗོངས་ཉིན་རེའི་ཚགས་པར》དང《བོད་ལྗོངས་གསར་པ》སོགས་ཚགས་པར་དང་དུས་དེབ་ཐོག་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་20ལྷག་ཙམ་བཏོན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་མི་རིགས་ཀྱི་ཁྲིམས་འཛུགས་བརྟག་ཞིབ་ཞིབ་འཇུག་བྱ་གཞི་དང་སློབ་གསོ་པུའི་མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱ་གཞི་གཙོ་སྐྱོང་བྱས་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཙོ་གནད་ཞིབ་འཇུག་བྱ་གཞི་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཁྲོན་བོད་ལམ་ཐིག་ཞིབ་འཇུག་གི་ཆེད་དོན་ཞིབ་འཇུག་བྱ་གཞི་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།

བོད་དུ་ལས་འགན་འཁུར་བ་དང་། བོད་ཀྱི་ཆུ་འཐུང་བ། བོད་ཀྱི་ལས་དོན་ལ་བསམ་གཞིགས་བྱེད་པ། བོད་མི་ཞིག་བྱེད་པ་བཅས་མདོར་ན་བོད་དུ་སླེབས་པའི་ཉིན་དང་པོ་ནས་བཟུང་ཀྲང་ཤིན་ཐང་གིས་རང་ཉིད་བོད་མི་དམངས་ཀྱི་ཁོངས་མི་ཞིག་ཏུ་བརྩིས་པ་དང་ལོ་དྲུག་རིང་ཁོང་གིས་བོད་སྐད་སྟབས་བདེ་གོ་ཐུབ་ལ་རྩམ་པ་བཟའ་བ་དང་ཇ་བསྲུབས་མ་འཐུང་རྒྱུ་ནི་རྒྱུན་གཏན་གྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

“བོད་དུ་ལས་སྒྱུར་བྱས་རྗེས། ང་དང་བོད་མི་དམངས་དབར་བརྩེ་སེམས་ཟབ་མོ་ཆགས་ཡོད། ངས་བོད་འདི་ཉིད་ཕ་ཡུལ་དུ་བརྩི་བ་དང་བོད་ཀྱི་མི་དམངས་གཉེན་ཉེར་བརྩིས་ནས་བོད་ཀྱི་མཐོ་རིམ་སློབ་གསོར་ལེགས་སྐྱེས་འབུལ་རྒྱུ་ནི་ངའི་ཚེ་གང་གི་དོན་གཉེར་བྱ་གཞི་ཞིག་ཡིན”ཞེས་ཀྲང་ཤིན་ཐང་གིས་བརྩེ་བ་ཆེན་པོས་བཤད་པ་དང་རང་ཉིད་ཀྱིས་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྱིར་བཏང་གི་དོན་ཆུང་དེ་ཡག་པོ་བསྒྲུབས་ཏེ་བོད་ཀྱི་མི་དམངས་རྣམས་བློ་མི་ཕམ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཁུང་ཧྥེན་སེན་གྱི་རྗེས་ཤུལ་སྙེགས་བཞིན་ཀྲང་ཤིན་ཐང་གིས་གངས་ལྗོངས་ས་མཐོ་གར་སྟེགས་སུ་བརྩིས་ཏེ་ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས་བོད་ལྗོངས་སློབ་ཆེན་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་མཆིས།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)