《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月11日

ལོ་སྟོད་དུ་རང་ལྗོངས་ཀྱིས་གཙོ་གནད་བཟོ་ལས་རྣམ་གྲངས་19སྐྲུན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་གཙོ་གནད་བཟོ་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱིས་མ་འཇོག་ནུས་ལྡན་བྱེད་དུ་བཅུག་སྟེ། གཙོ་གནད་བཟོ་ལས་རྣམ་གྲངས་19སྐྲུན་འགོ་ཚུགས་པའི་ཁྲོད་རྣམ་གྲངས་3ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རྣམ་གྲངས་10ལོ་མཇུག་གོང་དུ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

འདི་ལོའི་ལོ་སྟོད་དུ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གནད་རྣམ་གྲངས་ཆེད་དོན་ཞབས་ཞུའི་ལམ་ལུགས་ཧུར་ཐག་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས། གཙོ་གནད་བཟོ་ལས་ཐོན་ལས་དང་། གྲངས་འཛིན་ཐོན་ལས་ཅན། ཐོན་ལས་གྲངས་འཛིན་ཅན་བཅས་ཀྱི་རྣམ་གྲངས་ཁག་ལ་ཟླ་རེར་བཀོད་གཏོང་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་བཏང་བ་རེད། ལྷ་ས་གྲོང་ཁྱེར་མ་འཇོག་གི་འཛུགས་སྐྲུན་རྒྱུ་ཆའི་རྣམ་གྲངས་ཁག་གཅིག་དང་དེ་བཞིན་བོད་ལྗོངས་ཧྥུའུ་ཏི་རང་བྱུང་བཏུང་བྱ་ཐུམ་སྒྲིལ་ཚད་ཡོད་ཀུང་སིའི་འཐུང་ཆུའི་ཐུམ་སྒྲིལ་རྒྱུ་ཆ་དང་ཤོག་སྒམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ལོ་འདིའི་ནང་སྐྲུན་ཟིན་ནས་ཐོན་སྐྱེད་བྱེད་ཐུབ་པའི་བརྩོན་ལེན་བྱས་པ་དང་། སྔོན་དཔག་བྱས་ན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་4ཡས་མས་གསར་དུ་བསྣན་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་2%ཡས་མས་འཕར་རྒྱུ་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)