《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་ མེ་འཁོར(ཁྲེང་ཏུའུ)འཁོར་སྐྱོད་ བརྟན་པོ་ཡོད་པ།

← ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་བབས་ཚུགས་དོ་དམ་ཨུ་ལྷན་གྱི་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཁྲེང་ཏུའུ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་1200ཙམ་བཏང་བ་དེ་དུས་མཚུངས་ལས་58.6%འཕར་བ་དང་། ཟླ་བདུན་པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲེང་ཏུའུ)གྱིས་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་ལ་རིམས་འགོག་དངོས་ཟོག་ཁྱོན་ཏུན་7891.7དབོར་ནས། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞབས་འདེགས་ཞུས་ཡོད་པ་རེད།

འདི་ནི་རིམས་འགོག་དངོས་ཟོག་དང་བརྒྱ་ཟོག་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་བབས་ཚུགས་ནས་ཐོན་ཏེ་འཇར་མན་གྱི་ཏུའུ་དབྱི་སི་པའོ་རུ་སྐྱོད་བཞིན་པ།