《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

ལུས་སྦྱོང་ལ་བརྟེན་ནས་སྙིང་ཁམས་མ་ཉམས་པར་བྱེད་དགོས།

མིའི་ལུས་པོ་ནི་རྙོག་འཛིང་ཆེ་ལ་ཚགས་དམ་པའི“ཡོ་ཆས”ལྟ་བུ་ཞིག་ཡིན་པ་དང་སྙིང་ཁམས་ནི་དེའི་ཁ་ལོ་སྒྱུར་བྱེད་ལྟ་བུ་ཞིག་རེད། སྙིང་ཁམས་འཁོར་རྒྱུག་བྱེད་པར་བརྟེན་ནས་ཁྲག་རྒྱུན་མིའི་ལུས་པོའི་ཆ་ཤས་ཁག་ལ་བརྒྱུགས་ཏེ་གཟུགས་པོ་ཡོངས་སུ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པར་བྱེད་ཀྱི་ཡོད། གལ་ཏེ་མི་ཞིག་གི་སྙིང་ཁམས་དང་ཁྲག་རྩ་སོགས་འཁོར་རྒྱུག་བྱེད་ཤུགས་ཆེན་པོ་ཡོད་ཚེ་མི་དེ་གྲུང་ཤ་དོད་པོ་ཡོད་པ་དང་། དེ་ལས་ལྡོག་ཚེ་ན་ཚ་མང་པོ་དང་གཟུགས་པོ་མི་བདེ་བ་ཡོང་སྲིད།

དེ་སྔོན་བརྡ་ཆ་འདི་འདྲ་ཞིག་ཡོད་དེ། “ལོ་30ཡི་མིར་ལོ་60ཡི་སྙིང་ཁམས་དང་ལོ་60ཡི་མིར་ལོ་30ཡི་སྙིང་ཁམས”མ་གཞི་ཤོད་སྟངས་དེ་ཏོག་ཙམ་ཐལ་དྲགས་རུང་དེར་རྒྱུ་མཚན་མེད་པ་མིན་ཏེ། དེའི་ཧེ་བག་གཙོ་བོ་ནི་ལུས་སྦྱོང་དང་ལུས་གསོ་བྱ་རྒྱུ་དེ་རེད། ཚད་དང་རན་པའི་ལུས་སྦྱོང་བྱས་ཚེ་སྙིང་ཁམས་འཁོར་རྒྱུག་ཡག་པོ་ཐུབ་ནས་འཕར་རྩའི་ཁྲག་འཁོར་རྒྱུག་ཡག་པོ་ཐུབ་པ་དང་གཟུགས་པོ་ཡོངས་ལ་ཁྲག་མཁོ་འདོན་ཡག་པོ་བྱེད་ཐུབ། གཞན་ཡང་ལུས་སྦྱོང་བྱས་ན་ཁྲག་གར་སླ་སྙོམས་སུ་དང་། ཁྲལ་ཚིལ་ཉུང་དུ། ཁྲག་ཤེད་དམའ་རུ་བཅས་སོང་ནས་ཁྲག་རྩ་མཉེན་པོ་དང་ཁྲག་འཁོར་རྒྱུག་ཡག་པོ་བྱེད་ཐུབ། དེར་བརྟེན་ངལ་རྩོལ་བྱེད་མཁན་དང་ཡུན་རིང་ལུས་སྦྱོང་བྱེད་མཁན་ལ་སྤྱིར་ན་ཁྲག་རྩ་མཁྲེགས་པོ་དང་། ཁྲག་ཤེད་མཐོ་བ། སྙིང་ནད་སོགས་ཕོག་ཚད་བལྟོས་བཅས་ཀྱིས་ཉུང་བ་ཡོད་པ་དང་། གལ་ཏེ་ན་ཚ་དེ་རིགས་ཕོག་རུང་ལུས་སྦྱོང་མི་བྱེད་མཁན་ལ་ནད་ཕོག་པའི་ལོ་ཚད་ལོ་10ནས་15བར་འགོར་བ་ཡོད། དེས་ན་ཚད་དང་རན་པའི་ལུས་སྦྱོང་བྱེད་པ་ནི་སྙིང་ཁམས་མ་ཉམས་པ་བྱེད་པའི་ཐབས་ཤེས་ནུས་ལྡན་ཞིག་རེད་ཅེས་བརྗོད་ཆོག

གསོ་རིག་རིགས་གཅིག་མཁས་ཅན་གྱིས། གསོ་རླུང་ལྡན་པའི་ལུས་རྩལ་ནུས་ལྡན་བྱས་ཚེ་སྙིང་ཁམས་ཀྱི་རྩོལ་ནུས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་ཡོད།