《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月10日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་བྱེད་སྐབས་ཤེས་པའི་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་སྐོར(དང་པོ)

རྩོམ་སྒྲིག་པའི་སྦྲགས་གཏམ།

ཉེ་ཆར། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་དང་ལེན་བྱས་པའི་ས་ཁུལ་21གི་སྐོར་གཟིགས་བརྡ་ལན་གནས་ཚུལ་གཅིག་སྡུད་ཁྱབ་བསྒྲགས་བྱས་ཡོད།

སྐོར་གཟིགས་དང་ལེན་བྱས་པའི་ས་ཁུལ་21ལྷ་ས་གྲོང་ཁྱེར་དང་། ཁྲེང་ཀོན་ཆུས། འདམ་གཞུང་རྫོང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་། སྙེ་མོ་རྫོང་། ཁང་དམར་རྫོང་། གྲོ་མོ་རྫོང་། མཚོ་སྣ་རྫོང་། རྒྱ་ཚ་རྫོང་། བྲག་ཡིབ་ཆུས། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་། སྟེང་ཆེན་རྫོང་། རི་བོ་ཆེ་རྫོང་། འབྲི་རུ་རྫོང་། སྒར་རྫོང་བཅས་རེད། འདི་ག་ཚགས་པར་གྱིས་ཟླ་8ཚེས་9ཉིན་ནས་བཟུང་འགོད་ཐེངས་4ལ་བགོས་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་བྱེད་སྐབས་ཤེས་པའི་སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་སྐོར་ཡོངས་བསྒྲགས་བྱ་རྒྱུ་ཡིན།

སྐོར་གཟིགས་བྱེད་སྐབས་ཤེས་པའི་ལྷ་ས་གྲོང་ཁྱེར་གྱི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་མེད་པ་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནུས་ལྡན་མ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་སྐབས་ཚགས་དམ་པོ་མེད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་སྐབས་གནད་ལ་འཁེལ་པོ་མ་བྱུང་བ། “གྲོང་ཁྱེར་གྱི་ནད་གཞི”ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། ལྟ་སྐུལ་འགན་འཁྲི་སྒྲུབ་ནུས་ཆེན་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གཏན་འགོག་བྱས་ཀྱང་ད་དུང་ཐོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྲོལ་ངན་སྔར་བཞིན་ཡོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཐད་ཤུགས་ཆེན་པོ་མེད་པ་དང་། ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཚད་ལྡན་མེད་པ། ཏང་འཛུགས་སྐྱོང་གི་ལས་དོན་ཐད་རྣམ་པ་ཙམ་གྱི་སྣང་ཚུལ་ཡོད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ་བཅས་རེད། གཞན་ཡང་། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོཌ་འབྲེལ་ཡོད་ཕྱོཌ་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་ཁྲེང་ཀོན་ཆུས་ཀྱི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་ཧེ་བག་ཡོད་པ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་མེད་པ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་མེད་པ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བར་སྐུལ་འདེད་གཏོང་བའི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། “འགན་འཁྲི་གཉིས”དོན་འཁྱོལ་བྱས་ཀྱང་ཏན་ཏིག་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་མངོན་གསལ་དོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་དང་ཏན་ཏིག་བྱས་མེད་པ་དང་། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ། མི་སྣ་འདེམས་སྤྱོད་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཚད་ལྡན་མེད་པ། གཞི་རིམ་ཏང་འཛུགས་སྐྱོང་ཐད་ཉམས་ཞན་ལྷུ་ཚིགས་ཡོད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། དག་ཐེར་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེན་པོ་མེད་པ། ལྗིད་འདོར་ཡང་ལེན་བྱེད་པ་དང་ཁྲལ་སེལ་ཁ་གཏད་གཅོག་པ་བཅས་རེད། གཞན་ཡང་། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་འདམ་གཞུང་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་མེད་པ། ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་སྐབས་ཁྱད་པར་ཡོད་པ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བའི་ནུས་པ་ཆེན་པོ་མེད་པ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་སྐབས་ཧེ་བག་ཡོད་པ། རྫོང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། རྫོང་སྒྲིག་ཨུད་ཀྱི་ལྟ་སྐུལ་ནུས་པ་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གཏན་འགོག་ཡང་ཡང་བྱས་ཀྱང་སྔར་བཞིན་ཐོན་པ། “སྤྱོད་ཚུལ་བཞི”བཅོས་སྒྲིག་གཙང་མ་བྱུང་མེད་པ་དང་ཕྱི་ཚུལ་རིང་ལུགས་སྔར་བཞིན་ཡོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་མི་སྣ་འདེམས་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་མེད་པ། ཏང་འཛུགས་སྐྱོང་གི་རྨང་གཞི་ཉམས་ཞན་ཡིན་པ། ལས་བྱེད་པའི་འགན་ཁུར་གྱི་འདུ་ཤེས་ཟབ་མོ་མེད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གཙང་མ་བྱུང་མེད་པ་བཅས་རེད། གཞན་ཡང་། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་སྟག་རྩེ་ཆུས་ཀྱི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་སྐབས་གཏིང་ཟབ་མེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གནད་འཁེལ་མ་བྱུང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་མེད་པ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བའི་འདུ་ཤེས་ཟབ་མོ་མེད་པ། གནད་སྨིན་དབུལ་སྐྱོར་འཐབ་ཇུས་ཀྱི་རྗེས་མཐུད་ལས་དོན་དོན་འཁྱོལ་བྱེད་ཤུགས་ཡག་པོ་མ་བྱུང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནད་འཁེལ་མ་བྱུང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཞན་དུ་སོང་བ། ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་ནུས་ཆེན་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གཏན་འགོག་ཡང་ཡང་བྱས་ཀྱང་སྔར་བཞིན་ཐོན་པ། “སྤྱོད་ཚུལ་བཞིའི”གནད་དོན་ཡང་སེ་ཐོན་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། ཏང་གི་འགོ་ཁྲིད་ཉམས་ཞན་དུ་སོང་བ། གཞི་རིམ་ཏང་འཛུགས་སྐྱོང་རྣམ་པ་ཙམ་ཡིན་པ། མི་སྣ་འདེམས་སྤྱོད་ཚད་ལྡན་མེད་པ། ལས་བྱེད་པས་རང་འགུལ་ངང་འགན་འཁྲི་འཁུར་བའི་འདུ་ཤེས་ཞན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་མོ་མེད་པ། བཞི་ནི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་རེས་སྐོར་གོང་མའི་སྐོར་གཟིགས་ཀྱིས་ལྟ་སྐུལ་བྱས་པ་བརྒྱུད་ཤེས་པའི་གནད་དོན་དག་ཐེར་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། དག་ཐེར་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་འཁུར་ནུས་ཆེན་པོ་མེད་པ། དག་ཐེར་དོན་འཁྱོལ་ཇི་མ་ཇི་བཞིན་བྱས་མེད་པ་བཅས་རེད། གཞན་ཡང་། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་ལྷུན་གྲུབ་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་མ་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཆ་ལག་ཚང་པོ་མེད་པ། ཏང་གི་འགོ་ཁྲིད་ཉམས་ཞན་དུ་སོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བའི་ཐད་ནུས་ཤུགས་ཆེན་པོ་མེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དོན་འཁྱོལ་ཡག་པོ་མ་བྱུང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་གནད་འཁེལ་མ་བྱུང་བ་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་པ། ཧུར་བསྲི་གྲོན་ཆུང་དང་། སྒྲིག་འགལ་ཕོགས་སྣོན་བཅོས་སྒྲིག གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱེད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནད་འཁེལ་མ་བྱུང་བ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཏན་ཏིག་མ་བྱུང་བ་དང་། རྫོང་ཨུད་ཚན་ཁག་གིས་སྤྱི་ཡོངས་ལ་དོ་དམ་བྱེད་པའི་ཐབས་ཇུས་དོན་འཁྱོལ་ཡག་པོ་མ་བྱུང་བ། ཏང་འཛུགས་སྐྱོང་ལས་དོན་ཕྱི་ཚུལ་ཙམ་ཡིན་པ། ལས་བྱེད་པའི་སྤྱོད་ཚུལ་ཏན་ཏིག་མེད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་གྱི་ལྟ་སྐུལ་བྱེད་སྐབས་ཤེས་པའི་གནད་དོན་དག་ཐེར་གྱི་ལས་དོན་ཕྱི་ཚུལ་ཙམ་ཡིན་པ་དང་། གནད་དོན་ཁག་གཅིག་དག་ཐེར་ཡག་པོ་མ་བྱུང་བ། གནད་དོན་འགའ་ཤས་དག་ཐེར་བྱེད་ཞོར་སླར་ཡང་ཐོན་པ་བཅས་རེད། གཞན་ཡང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་མལ་གྲོ་གུང་དཀར་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་པའི་ཐད་ཧེ་བག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་དང་། ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་ཡག་པོ་ཐུབ་མེད་པ། དབུལ་སྐྱོར་ཐོན་ལས་དང་རྣམ་གྲངས་ལ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡག་པོ་ཐུབ་མེད་པ་དང་ལྟ་འདོམས་བྱེད་ནུས་ཆེན་པོ་མེད་པས་ཕན་འབྲས་མངོན་གསལ་དོད་པོ་མེད་པ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་ཡག་པོ་སྐྱོང་ཐུབ་མེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི“འགན་འཁྲི་གཉིས”དོན་འཁྱོལ་གནད་འཁེལ་མ་བྱུང་བ། བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་དང་ནན་ཏན་མ་བྱུང་བ། རྫོང་དང་ཤང་གི་སྒྲིག་ཨུད་ཀྱི“ལེགས་བཅོས་གསུམ”གནད་འཁེལ་མ་བྱུང་བ། ཚན་ཁག་གི་ཁོངས་མིའི“གནས་གཅིག་འགན་གཉིས”དོན་འཁྱོལ་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཐད་ཧེ་བག་ཡོད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་མེད་པ། མི་སྣ་འདེམས་སྤྱོད་ཀྱི་བརྒྱུད་རིམ་དང་ཚད་གཞི་ནན་པོ་མེད་པ། སེམས་གནས་པ་དང་མི་སྣ་ཉར་ཐུབ་པའི་ཐད་ཤུགས་སྣོན་རྒྱག་དགོས་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ཚད་ལྡན་མེད་པ། ལས་ཀའི་སྤྱོད་ཚུལ་ནན་པོ་དང་ཏན་ཏིག་མེད་པ། བཞི་ནི་གོང་རིམ་གྱི་སྐོར་གཟིགས་དང་ཆེད་དོན་ལྟ་ཞིབ་བྱེད་སྐབས་ཤེས་པའི་གནད་དོན་དག་ཐེར་གྱི་ལས་དོན་ལ་མཐོང་ཆེན་དེ་ཙམ་མ་བྱུང་བ་བཅས་རེད། གཞན་ཡང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་གནད་དོན་གཙོ་བོ།

གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཧེ་བག་ཡོད་པ་དང་། ཆུས་ཨུད་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་མ་བྱུང་བ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བའི་འདུ་ཤེས་ཟབ་མོ་མེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཆེན་པོ་གཏོང་ཐུབ་མེད་པ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་ཐུབ་མེད་པ་དང་། “འགན་འཁྲི་གཉིས”དོན་འཁྱོལ་གནད་འཁེལ་མ་བྱུང་བ། སྤྱོད་ཚུལ་འཛུགས་སྐྱོང་ནན་པོ་དང་ཏན་ཏིག་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བཀག་ཀྱང་སྔར་བཞིན་ཐོན་པ། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་གནད་དོན་མངོན་གསལ་དོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པའི་ཐད་ཁྱད་པར་ཡོད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གང་ལེགས་མ་བྱུང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ཉམས་ཞན་ལྷུ་ཚིགས་གནས་པ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནུས་ལྡན་མ་བྱུང་བ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་བྱེད་སྐབས་ཤེས་པའི་གནད་དོན་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་ནུས་ལྡན་མ་བྱུང་བ་བཅས་རེད། གཞན་ཡང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་ཆུ་ཤུར་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་པའི་ཐད་ཧེ་བག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་ཡག་པོ་རྒྱག་ཐུབ་མེད་པ་དང་། གནད་སྨིན་དབུལ་སྐྱོར་འཐབ་ཇུས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་མ་བྱུང་བ། སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་འགོར་བ། རྫོང་ཁོངས་ཀྱི་གཞུང་ཁོངས་ཁེ་ལས་ལ་ལྟ་འདོམས་ཡག་པོ་བྱེད་ཐུབ་མེད་པ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བ་གནད་འཁེལ་མ་བྱུང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནུས་ལྡན་མ་བྱུང་བ་དང་སྤྱོད་གཙང་གི་ཉེན་ཁ་མངོན་གསལ་དོད་ཙམ་ཡོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“འགན་འཁྲི་གཉིས”དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནུས་ལྡན་མ་བྱུང་བ། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་གནད་དོན་མངོན་གསལ་དོད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པའི་ཐད་ཧེ་བག་ཡོད་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐབས་ཇུས་ལམ་ལུགས་དོན་འཁྱོལ་ནན་པོ་མ་བྱུང་བ། མི་སྣ་འདེམས་སྤྱོད་ཀྱི་བརྒྱུད་རིམ་དང་ལས་བྱེད་པའི་དོ་དམ་ཚད་ལྡན་མེད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཚད་ལྡན་མེད་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ། དག་ཐེར་བྱེད་པོར་འགན་འཁྲི་ནན་པོ་དཀྲིས་ཐུབ་མེད་པ། ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ། དག་ཐེར་མཐར་ཕྱིན་པ་མ་བྱུང་བ། ལྟ་བཤེར་ལས་དོན་ཕྱི་ཚུལ་ཙམ་ཡིན་པ། ཕུགས་ཕན་གྱི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། གཅིག་ཤེས་ཀུན་གྲོལ་དང་ཞན་ཆ་སེལ་བ་མཐའ་འཁྱོངས་ཡག་པོ་ཐུབ་མེད་པ་བཅས་རེད། གཞན་ཡང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།

སྐོར་གཟིགས་བྱེད་སྐབས་ཤེས་པའི་སྙེ་མོ་རྫོང་གི་གནད་དོན་གཙོ་བོ།

གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཁ་གསལ་དང་གཏིང་ཟབ་མ་བྱུང་བ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་དོན་འཁྱོལ་བྱེད་པའི་ཐད་ཧེ་བག་ཡོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་བརྟན་དུ་གཏོང་བ་མངོན་གསལ་དོད་པོ་མེད་པ། ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་བའི་འདུ་ཤེས་ཟབ་མོ་མེད་པ། ཤང(གྲོང་རྡལ)གི་ནག་སེལ་གཤེད་བཅོམ་གྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཡག་པོ་ཐུབ་མེད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ་བཅས་དང་། གཉིས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཐད་ཁྱད་པར་ཡོད་པ། “འགན་འཁྲི་གཉིས”ཀྱི་དོན་འཁྱོལ་གནད་འཁེལ་མ་བྱུང་བ། ཁུར་པོ་ཡང་དུ་གཏོང་བའི་བྱ་ཐབས་དོན་འཁྱོལ་ནུས་ལྡན་མ་བྱུང་བ། རྣམ་གྲངས་ཞིབ་མཆན་ཚགས་ཚུད་མེད་པ། སྒྲིག་འགལ་ངང་ནོར་སྲིད་ཀྱི་མ་དངུལ་གཏོང་གཡར་བྱེད་པ། གསུམ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་པོ་མ་བྱུང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་མེད་པ། མི་སྣ་འདེམས་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་མེད་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་ལག་བསྟར་ནན་པོ་མ་བྱུང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་བྱེད་སྐབས་ཤེས་པའི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ་བཅས་རེད། གཞན་ཡང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་གནད་དོན་ཐེར་འདོན་བྱས་པའི་ཁུངས་སྣེ་འབྱོར་བ་དག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་ཡོད།