《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བ་གསར་པ།

ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆི་ཤིན་ཀོན་ཆུས་ཀྱི་པའེ་དབྱང་ལིན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ནི་པི་ཅེ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཡིན་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.1ཙམ་ཟིན་པ་དེར་2017ལོ་ནས་ད་བར་དུ་ཤང་དང་གྲོང་རྡལ་34ཡི་དུད་ཚང་6372ཀྱི་མི་29001བཀོད་སྒྲིག་བྱས་ཡོད་པ་རེད།

ད་ཆ། བཀོད་སྒྲིག་བྱ་ཡུལ་དེར་སློབ་གསོ་དང་། སྨན་བཅོས། ལས་ཞུགས་དབུལ་སྐྱོར་འཁོར་ཁང་། རྒན་རྒོན་དང་བྱིས་པའི་བསྙེན་སྐྱོང་བྱེད་ས་སོགས་སྒྲིག་བཀོད་ཆ་ཚང་བས། གནས་སྤོས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

འདི་ནི་གྲོགས་པོ་ཆུང་ཆུང་ཚོས་པའེ་དབྱང་ལིན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་རྒན་རྒོན་དང་བྱིས་པའི་བསྙེན་སྐྱོང་བྱེད་སར་སློབ་སྦྱོང་བྱེད་བཞིན་པ།