《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

དམངས་དོན་བཅའ་ཁྲིམས་ཀྱི་བཀྲག་མདངས་འཚེར་ས་ཆེ་གྲས་བཅུའི་གསལ་འགྲེལ།

⑤ ཁ་ཆེམས་བརྒྱུད་ལྟ་སྐྱོང་བ་གཏན་འཁེལ་བྱེད་ཆོག་པ།

དོན་ཚན།

དོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་བ་བྱེད་རིགས་ཁ་ཆེམས་བརྒྱུད་ལྟ་སྐྱོང་བ་གཏན་འཁེལ་བྱེད་ཆོག

དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ལྟ་སྐྱོང་བྱེད་དབང་ཡོད་པའི་མིའི་དབར་གྲོས་མོལ་བྱས་ནས་ལྟ་སྐྱོང་བ་གཏན་འཁེལ་བྱེད་ཆོག གྲོས་མོལ་བྱས་ནས་ལྟ་སྐྱོང་བ་གཏན་འཁེལ་བྱེད་པར་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་མོས་ལ་བརྩི་འཇོག་བྱེད་དགོས།

གསལ་འགྲེལ། “ཁ་ཆེམས་བརྒྱུད་གཏན་འཁེལ”དང“གྲོས་མོལ་བྱས་ནས་གཏན་འཁེལ”བྱས་པའི་ལྟ་སྐྱོང་བ་ནི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་གསར་གཏོད་ཆེན་པོ་ཞིག་རེད། ཕ་མར་ནད་གཞི་ལྕི་པོ་ཕོག་སྐབས་ཁ་ཆེམས་བཞག་ནས་ལྟ་སྐྱོང་བ་གཏན་འཁེལ་བྱེད་ཆོག་པ་དང་། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གི་ལྟ་སྐྱོང་དང་རྗེས་མཐུད་ཀྱི་ལས་ཀ་ཆེ་ཆུང་ཚང་མ་བཀོད་སྒྲིག་ཡག་པོ་བྱས་ཏེ་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་འདོགས་ཡོད་པ་བྱེད་དགོས། མིག་སྔར་བཟའ་ཚང་ཁ་བྲལ་མཁན་ཡོངས་ཁྱབ་ཏུ་གནས་ཡོད་པས་ཕ་མ་ཁ་བྲལ་སྐབས་གྲོས་མོལ་བྱས་པ་བརྒྱུད་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གི་ལྟ་སྐྱོང་བ་སུས་བྱེད་མིན་གཏན་འཁེལ་བྱེད་ཆོག་རུང་། ངེས་པར་དུ་ཕྲུ་གུའི་འདོད་མོས་ལ་བརྩི་འཇོག་བྱེད་དགོས།

ཚ་བོ་ནི་ང་ཚོས་གསོས་པ་དང་ཁང་པ་ནི་ང་ཚོས་སྤྲད་པ་ཡིན།

གནས་ཚུལ་ལ་གཞིགས་ནས་ཤུལ་འཛིན་དབང་ཆ་སྤྲོད་དགོས།

ཤུལ་འཛིན་བཅའ་ཁྲིམས།

མག་པ་སྔ་མ།