《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

ཆབ་མདོ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་ཐོན་ ལས་ལ་སྐུལ་འདེད་བརྟན་པོ་བཏང་བ།

གྲོང་ཁྱེར་ཡོངས་ཀྱི་གློག་དྲ་ཨ་མ་མི་འབོར་ལ་ཁྱབ་ཚད་92%ཟིན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ལོ་སྟོད་དུ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་མཇུག་མཐུད་རྟེན་གཞི་དང་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་དོན་སྐུལ་གཏོང་ཚོགས་ཆུང་བཙུགས་ཏེ་ལོ་འཁོར་གྱི་ལས་ཀའི་རྩིས་ཐོ་བཟོས་ནས་གྲོང་ཁྱེར་ཡོངས་སུ་ནུས་རྒྱུ་གཙང་མའི་ཐོན་ལས་འཛུཌ་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད།

གྲོང་ཁྱེར་ཡོངས་སུ་ནུས་རྒྱུ་གཙང་མའི་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་ཁྱེར་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཕྱོགས་བསྡུས་ནུས་རྒྱུ་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་དང་། ཤག་ཆུ་རྒྱུག་ཁུལ་གྱི་ཆུ་གློག་འཆར་འགོད། འབྲི་ཆུ་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ཆུ་གློག་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་2འཆར་འགོད་དང་བཟོ་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོམ་སྟབས་རྗེས་མའི་ནུས་རྒྱུ་གཙང་མའི་ཐོན་ལས་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཀྱིས་ཁྱོན“ཁུལ་གསུམ་ཀྲོའུ་གསུམ”གྱི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་42བཀོད་སྒྲིག་བྱས་པ་དང་སྐྱིད་ཐང་གི་ཆན་ཧྥུའུ་110ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་དང་བྲག་གཡབ་རྫོང་སྐྱིད་ཐང་གི་ཆན་ཧྥུའུ་35ཡི་གློག་གཏོང་གློག་སྒྱུར་རྣམ་གྲངས་ཕུད་གཞན་ཚང་མ་ལས་མཇུག་འགྲིལ་བ་དང་མ་དངུལ་སྒོར་དུང་ཕྱུར་7.8བཏང་ཡོད་པ་རེད། རགས་རྩིས་བྱས་པར་གཞིགས་ན། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གློག་དྲ་ཨ་མ་མི་འབོར་ལ་ཁྱབ་ཚད་92%ཟིན་ཡོད་པ་རེད། (བདེ་སྐྱིད་ཀྱིས་བསྒྱུར། བསྟན་བློ་དང་བདེ་སྐྱིད་ཀྱིས་ཞུས)