《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

ལག་རྩལ་སྣ་གཅིག་ཤེས་ཚེ་འབབ་འཕར་ཡོང་བར་སེམས་ཁྲལ་མེད།

ཞིང་འབྲོག་པའི་ལས་ཞུགས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། རང་ལྗོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་ཁྲོམ་རའི་མི་སྤྱོད་དགོས་མཁོ་དང་ཞིང་འབྲོག་པའི་འདོད་པ་དང་ཟུང་འབྲེལ་གྱིས་ཞིང་འབྲོག་པར་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་ཡོད། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་འབྲོག་པ་མི་ཐེངས་ཁྲི་46.1ལས་ཞུགས་གཞན་སྒྱུར་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་ནུས་ལྡན་བཏང་ཡོད། འདི་ནི་ན་གཞོན་ཞིང་འབྲོག་པས་རྩལ་ནུས་གསོ་སྦྱོང་རྟེན་གཞིར་དེང་རབས་ཀྱི་ཤིང་བཟོའི་རྩལ་ནུས་སྦྱོང་བཞིན་པ།