《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

རང་ལྗོངས་ཀྱི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན། རང་སྐྱོང་ལྗོངས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བཅོས་སྒྲིག་གི་ལས་དོན་ཚོམས་ཆེན་གྱི་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་གིས“གང་ཐུབ་ཅི་ཐུབ་ཀྱིས་གཉིས་གཅོག”དང“གྲོང་ཁྱེར་ཡོངས་སུ་ཁྱབ་པ་དང་། དྲིལ་བསྒྲགས་རྒྱ་ཁྱབ། གྱོད་གཞི་མི་ཐོན་པ། གྱོང་གུན་ཆུང་དུ་གཏོང་བ”བཅས་ཀྱི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་མཛད་སྒོ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་མཛད་སྒོར་ཞུགས་པ་དང་འབྲེལ་ས་ཆ་དངོས་སུ་རང་ལྗོངས་ཀྱི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བཅོས་སྒྲིག་བྱས་པའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་གནང་བ་དང་། ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བའི་སྤྱི་སྤྱོད་རླངས་འཁོར་གྱི་རུ་སྟར་གྲུ་བཞིར་གཟིགས་པ་མ་ཟད། བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པས་རླངས་འཁོར་18ཀྱི་ཕྱི་ངོས་ལ་ཁ་བསླུས་ངོ་རྒོལ་གྱི་ཚོན་ཁྲ་ཅན་གྱི་རི་མོ་སྦྱར་བ་དང་། རླངས་འཁོར་400ཡི་ནང་དུ་ཁ་བསླུས་ངོ་རྒོལ་གྱི་ཉེན་བརྡའི་སྦྱར་ཡིག་སྦྱར་བ། དུས་གཏན་རླངས་འཁོར་200ཡིས་ཁྲོམ་གཞུང་དུ་དུས་ངེས་མེད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ངོ་རྒོལ་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་དྲིལ་བསྒྲགས་ཀྱི་བྱེད་སྒོ་འདི་རིགས་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)