《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཟླ་8ཚེས་2ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ལྷ་སའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཚང་མར་ཕེབས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་མིག་སྔར་རིམས་ནད་ཀྱི་དུས་བབ་ལ་སྔར་བཞིན་གཏན་འཁེལ་རང་བཞིན་མེད་པ་དང་། ལྷག་པར་དུ་སྟོན་དགུན་དུས་ཚིགས་སུ་ཆམ་ནད་ཕོག་མང་བའི་དུས་ཡིན་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། འབྲེལ་ཡོད་ཚན་པ་ཁག་གིས་སྟོན་དགུན་གཉིས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་སྟོན་དགུན་གཉིས་ལ་སྨན་ཁང་བསྟེན་མཁན་མང་བའི་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་དོན་མགྱོགས་པོ་སྤེལ་བ་བཅས་བྱས་ཏེ་ནད་པ་སྐྱོབ་བཅོས་ཀྱི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། གྲུབ་འབྲས་ཀྱི་ཉམས་མྱོང་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཇུས་གཞི་བཟོ་བ་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་དང་དུས་ཐོག་ཏུ་རིམས་ནད་རིག་པའི་བརྟག་དཔྱད་བྱས་ཏེ་གཅིག་སྡུད་ཐོག་གསོ་རིག་གི་ལྟ་ཞིབ་སོགས་བྱ་ཐབས་ཁག་གནད་སྨིན་དོན་འཁྱོལ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་འགན་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)