《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月05日

བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དགུ་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོཌ་འདུ་ཐེངས་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དགུ་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས། ལོ་གཅིག་གི་བོད་སྐྱོར་ལས་དོན་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་17གྱི་བོད་སྐྱོར་སྣེ་ཁྲིད་པ་དང་། ས་ཁུལ་དང་གྲོང་ཁྱེར་7གྱི་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཁྲེན་ཡུང་ཆིས་བསྟན་དོན། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལས་བྱེད་པ་དང་ཤེས་ལྡན་པ་ཁག་དགུ་པའི་བོད་སྐྱོར་ལོ་གཅིག་རིང་ལས་དོན་ཁག་གོ་རིམ་ལྡན་ལ་གསོན་ཉམས་དོད་པོས་སྤེལ་ཡོད། གོམ་སྟབས་རྗེས་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཐའ་སྐྱོང་བོད་བརྟན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བོད་སྐྱོར་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པར་དངོས་པོའི་ཐད་ནས་བོད་སྐྱོར་བྱེད་དགོས་ལ་བསམ་བློའི་ཐད་ནས་བོད་སྐྱོར་ཡང་བྱེད་དགོས་པ་དང་། “ལྟོ་གོས”ལ་དོ་དམ་བྱེད་དགོས་ལ“བསམ་བློར”ཡང་དོ་དམ་བྱེད་དགོས་པ། དུས་མཚམས་རང་བཞིན་གྱི་དམིགས་ཚད་ཡོད་དགོས་ལ། རྨང་གཞི་བཏིང་ནས་ཕུགས་ལའང་དམིགས་དགོས། སྤྱི་འདོམས་ལྟ་རྟོག་དང་། གཙོ་གནད་མངོན་གསལ་དོད་པ། གནད་སྨིན་ངང་ཚན་རིག་དང་མཐུན་པ། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་བོད་སྐྱོར་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམིགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རོགས་བྱས་ནས“གཞན་རྟེན”དང“རང་རྟེན”གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། རོགས་སྐྱོར་བྱ་ཡུལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དང་། མི་རིགས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་དམིགས་བསལ་རིན་ཐང་མངོན་པར་བྱེད་དགོས། ལས་ཀའི་བྱེད་ཐབས་ཤུགས་ཆེར་གཏོང་བ་དང་ལས་ཀའི་འཕེལ་རིམ་ལ་རྩིས་བཤེར་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འདི་ལོའི་བོད་སྐྱོར་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་བྱེད་དགོས།