《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལས་ཞུགས་ཀྱི་གོ་སྐབས་བཟང་པོ་བསྐྲུན་པ།

“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས་ནས་ས་ཁུལ་དབུལ་པོ་དང་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་སོགས་མི་ཚོགས་ལ་སྤུས་ཚད་སྔར་བས་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པ་བྱ་ཆེད། ཟླ་7ཚེས་31ཉིན་མི་སྤྱི་པུའི་རྒྱལ་ཡོངས་ཤེས་ལྡན་མི་སྣ་འཁོར་རྒྱུག་ལྟེ་གནས་དང་ཀྲུང་གོའི་ཤེས་ལྡན་མི་སྣ་སྤེལ་རེས་མཐུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་འབྲེལ་ཐོག ལྷ་ས་གྲོང་ཁྱེར་དུ་སྐབས་བདུན་པའི་གྲོང་ཁྱེར་ཆེ་འབྲིང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་མཉམ་དུ་བསྡུ་བའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ་རེད། ཤེས་རྟོཌ་བྱུང་བར་གཞིཌ་ན། ཐེངས་འདིའི་ལས་བསྡུའི་འདུ་ཚོགས་ནང་ཞུགས་མཁན་མི་སྤྱོད་ཚན་པ་282ཡོད་པ་དག་གིས་ལས་ཞུགས་ཀྱི་ལས་གནས་3136མཁོ་འདོན་བྱས་ཡོད། འདི་ནི་ལས་བསྡུའི་འདུ་ཚོཌ་ཚོགས་ཡུལ་དུ་ལས་ཀ་འཚོལ་མཁན་གྱིས་མི་སྤྱོད་ཚན་པར་ལས་གནས་ཀྱི་ཆ་འཕྲིན་བློ་འདྲི་བྱེད་བཞིན་པ།