《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས།

སྤྱི་ཚོགས་ཁེ་ལས་དང་འཕྲལ་སྡོམ་རོཌ་སྐྱོབ་ཀྱི་མཉམ་འགུལ་གྲོས་མཐུན་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་བོད་ལྗོངས་ཕན་སུའོ་དངོས་ལས་ཚད་ཡོད་ཀུང་སིས་རོཌ་སྐྱོབ་སྒྲིག་ཆས་ཞལ་འདེབས་རྒྱག་པ་དང་འཕྲལ་སྡོམ་རོཌ་སྐྱོབ་ཀྱི་མཉམ་འགུལ་གྲོས་མཐུན་འཇོག་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། བོད་ལྗོངས་ཕན་སུའོ་དངོས་ལས་ཚད་ཡོད་ཀུང་སིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ལ་སྲོག་སྐྱོབ་གྱོན་གོས་དང་སྲོག་སྐྱོབ་འགྱིག་སྒོར་སོགས་རོགས་སྐྱོབ་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་དང་། དེ་རྗེས། ཕྱོགས་གཉིས་ཀྱིས《འཕྲལ་སྡོམ་རོགས་སྐྱོབ་ཀྱི་མཉམ་འགུལ་གྲོས་མཐུན》བཞག་པ་རེད།