《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རང་ལྗོངས་ཀྱི་2020ལོའི་དམག་བསྡུའི་མིང་ཐོ་འགོད་པའི་ དུས་ཚོད་ཟླ་8ཚེས་15ཉིན་བར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་2ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2020ལོའི་དམག་བསྡུའི་མིང་ཐོ་འགོད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། “རྒྱལ་ཡོངས་ཀྱི་དམག་བསྡུའི་དྲ་རྒྱའི”དམག་མི་ཕོ་མོ་བསྡུ་བའི་མིང་ཐོ་འགོད་ལམ་ཡོངས་སུ་འགོ་བཙུགས་ཟིན་པས། དམག་མི་ཕོ་མོ་དང་། ཧྲི་ཀོན་ཐད་ཀར་བསྡུ་བའི་མིང་ཐོ་འགོད་པའི་དུས་ཚོད་ཚང་མ་ཟླ་8ཚེས་15ཉིན་བར་ཡིན་པ་རེད།

དུས་ཚོད་ཀྱི་དབྱེ་བ་ལྟར་ན། ཟླ་8ཚེས་16ཉིན་ནས་བཟུང་བརྡ་ཐོ་བཏང་སྟེ། ས་གནས་ས་ཐོག་ལ་གཏན་འཁེལ་དང་། གཟུགས་པོར་བརྟག་དཔྱད། ཆབ་སྲིད་དཔྱད་ཞིབ་བཅས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ཟླ་9ཚེས་10ཉིན་གྱི་གོང་བསྡུ་རྒྱུའི་དམག་མི་གཏན་འཁེལ་བྱ་རྒྱུ། ཟླ་9ཚེས་16ཉིན་ནས་བཟུང་དམག་གསར་སྐྱེལ་རྒྱུ། ཟླ་9ཚེས་30ཉིན་དམག་བསྡུའི་ལས་དོན་མཇུག་འགྲིལ་རྒྱུ་བཅས་ཡིན་པ་རེད། དམིགས་འཛུགས་ངང་ཧྲི་ཀོན་དམག་མི་གསོ་སྐྱོང་བྱ་ཡུལ་གྱི་གཟུགས་པོ་བརྟག་དཔྱད་དང་། ཆབ་སྲིད་དཔྱད་ཞིབ། ངོ་རྒྱུགས་བཅས་ཀྱི་ལས་དོན་མཐོ་སློབ་འདོད་མོས་རེའུ་མིག་བཀོད་ཟིན་རྗེས་འགོ་འཛུགས་རྒྱུ་ཡིན་པ་རེད།

དམག་བསྡུ་བྱ་ཡུལ་གཙོ་བོ་ནི་སློབ་ཆེན་སློབ་མ་ཡིན་པ་དང་། སློབ་རྒྱུས་མཐོ་བའི་ན་གཞོན་དམག་དཔུང་ནང་ཞུགས་པར་སྔོན་ལ་ཆོག་མཆན་སྤྲོད་རྒྱུ་དང་། སློབ་ཆེན་ཐོན་པའི་སློབ་མ་དང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སློབ་མ་དམག་དཔུང་ནང་ཞུགས་པར་སྔོན་ལ་ཆོག་མཆན་སྤྲོད་རྒྱུ་རེད། དམག་མི་གཞོན་ནུ་མ་བསྡུ་བའི་ཐད། མཐོ་འབྲིང་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ་དང་མཐོ་སློབ་དཀྱུས་མའི་ཉིན་གང་ལམ་ལུགས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཡིན་པ་རེད།

དམག་བསྡུའི་བྱ་ཐབས་ནང་། ན་ལོན་གཞོན་ནུས་རང་ཉིད་ཀྱི་ཐེམ་ཐོ་གནས་ཡུལ་དུ་དམག་སྐུལ་དང་ལེན་བྱེད་ཆོག་གི་ཡོད། རྒྱུན་དུ་སྡོད་ཡུལ་དང་ཐེམ་ཐོ་གནས་ཡུལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཅིག་པ་མིན་རིགས་ལ་རྒྱུན་དུ་སྡོད་ཡུལ་ལ་གནས་སྡོད་ལག་ཁྱེར་ལོ་གསུམ་ཡན་བླངས་རིགས་ཀྱིས་རྒྱུན་དུ་སྡོད་ཡུལ་དུ་དམག་སྐུལ་དང་ལེན་བྱེད་ཆོག མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མས་སློབ་གྲྭ་གནས་ཡུལ་དུ་དམག་སྐུལ་དང་ལེན་བྱེད་ཆོག་ལ། སློབ་གྲྭར་མ་ཞུགས་གོང་ཐེམ་ཐོ་གནས་ཡུལ་དུ་དམག་སྐུལ་དང་ལེན་བྱེད་ནའང་ཆོག དམག་སྐུལ་དང་ལེན་བྱེད་མཁན་སྤྱི་འབངས་ཀྱི་གཟུགས་པོར་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་བྱས་ནས་ཚད་ལོངས་པ་མ་ཟད་དམག་བསྡུའི་ཆ་རྐྱེན་གཞན་དག་འཛོམས་རིགས་ལ་རྫོང(ཆུས)མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་གིས་དམག་དཔུང་ནང་འཇུག་རྒྱུའི་ཆོག་མཆན་སྤྲོད་རྒྱུ་རེད། དམག་དཔུང་ནང་འཇུག་རྒྱུའི་ཆོག་མཆན་སྤྲོད་པའི་གཅིག་གྱུར་དུས་ཚོད་ནི་2020ལོའི་ཟླ་9ཚེས་1ཉིན་ཡིན་པ་དང་། དམག་གསར་གྱི་དམག་ལོ་དེ་ཟླ་9ཚེས་1ཉིན་ནས་བརྩི་རྒྱུ་ཡིན་པ་བཅས་ཀྱི་བླང་བྱ་བཏོན་ཡོད། (པ་སངས་ཚེ་རིང་གིས་བསྒྱུར། བསྟན་འཛིན་བཟང་མོ་དང་པ་ཚེས་ཞུས)