《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ན་ནིང་ལྷ་སའི་མཁའ་རླུང་སྤུས་ཀ་ ལེགས་ཚད་99.7%ཟིན་པ།

རྒྱལ་ཡོངས་གཙོ་གནད་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2019ལོའི་སྣོད་བཅུད་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཀ་ལེགས་ཚད་99.7%ཟིན་ནས་རྒྱལ་ཡོངས་གཙོ་གནད་གྲོང་ཁྱེར་168ཁྲོད་ནས་ཨང་དང་པོར་སླེབས་པ་དང་། གཙོ་གནད་གཙང་པོ་དང་མཚོ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ཁ་7 གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་4ཡི་ཆུའི་སྤུས་ཚད་ཚད་གཞི་100%ཟིན་པ། གྲོང་ཁྱེར་ནང་གི་ཆུ་རྒྱུད་ཀྱི་ཆུའི་སྤུས་ཚད་རྒྱུན་མཐུད་བཟང་པོ་བྱུང་བ། གྲོང་ཁྱེར་ཡོངས་ཀྱི་ས་ངོས་ཆུའི་ནང་ཆུ་སྤུས་ཞན་པའི་Vརིགས་མེད་པ། གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་བཙོག་ཆུ་དྲི་ངན་ཅན་མེད་པ། ནུས་པའི་ཁུལ་དུ་འཛེར་སྐད་ཆེན་པོ་མེད་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

2019ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་མཐའ་འཁྱོངས་བྱས་ཏེ“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་བཏོད་པའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་འཛིན་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བའི་འགན་ལེན་བྱས་པ་རེད།

(བསྟན་བློས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)