《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ཁྲེན་ཡུང་ཆིས་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་ འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། ད་དུང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་གྱིས་རྩ་འཛུཌ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ལོ་ཧྲིལ་པོའི་དམིཌ་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུཌ་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཚོཌ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་རྩ་འཛུགས་སྡེ་ཚན་གྱི་ལས་འགན་གཙོ་བོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། “དམ་འཛིན་ཡག་པོ་བྱེད་དགོས་པ་ལྔ”ཡི་རྩ་བའི་བླང་བྱ་ནན་ཏན་ངང་ལག་བསྟར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུཌ་སྐྱོང་། རྩ་འཛུགས་འཛུཌ་སྐྱོང་། སྤྱོད་ཚུལ་འཛུཌ་སྐྱོང་། སྒྲིག་ལམ་འཛུཌ་སྐྱོང་བཅས་ལ་ཕྱོཌ་ཡོངས་ནས་ཤུཌ་སྣོན་རྒྱག་པ་དང་། ལམ་ལུགས་འཛུགས་སྐྱོང་དེའི་ཁྲོད་ཁྱབ་པར་བྱེད་པ། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་ཀྱིས་རང་ལྗོངས་ཀྱི་རྩ་འཛུགས་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཁྲེན་ཡུང་ཆིས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དང་ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིཌ་ཚད་དང་ཡང་ཡང་བསྡུར་ཏེ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ། དཔོན་ཉམས་རིང་ལུཌ་སྤོང་གང་ཐུབ་བཅས་བྱས་ནས་ལས་འགན་ཁག་ཕུན་སུམ་ཚོཌ་པོའི་ངང་ལེཌ་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)