《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

འབད་འཐབ་ཀྱི་མི་ཚེ་དེ་བས་བཀྲག་མདངས་ལྡན།

—— སློབ་ཆེན་སློབ་མ་ཚེ་རིང་གི་ལས་གཏོད་སྐོར་བཀོད་པ།

འདམ་གཞུང་རྫོང་དུ་སྐྱེས་པའི་ཚེ་རིང་འདི་ལོ་ལོ་24ལ་སླེབས་ཀྱི་ཡོད། 2015ལོའི་ཟླ་བརྒྱད་པར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཚུད་ནས་སྲོག་ཆགས་ཚན་རིག་ལག་རྩལ་སློབ་གླིང་དུ་ཕྱུགས་རིགས་སྨན་པའི་ཆེད་ལས་སྦྱངས། སློབ་གྲྭར་སྡོད་རིང་། ཁོང་གིས་སློབ་གསེང་གི་དུས་ཚོད་སྤྱད་དེ“ཨ་མ་མཛེས་མ་ལགས་ཀྱི་ཞབས་ཞུ་ཁང”དང་། “སློབ་གྲྭའི་666”མྱུར་སྐྱེལ་ཞབས་ཞུ། “ཤིང་ཏོག་སོས་པས་ཁྱེད་སྒུག་ནས་ཡོད”ཅེས་པའི་ཤིང་འབྲས་ཚོང་ཁང་སོགས་ལས་གཏོད་རྣམ་གྲངས་སྤེལ་བ་དང་། བོད་ཀྱི་ཕུགས་འདུན་གཏོད་མཁན་ཆ་འཕྲིན་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་བཀོད་ཐུབ་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་གྲྭར་འགྲོ་མུས་ཀྱི་ལས་གཏོད་སློབ་ཆེན་སློབ་མ་དང་པོར་གྱུར་པ་རེད།

2016ལོའི་ཟླ་དགུ་པར་སློབ་ཆེན་ལོ་རིམ་གཉིས་པ་འགྲིམ་བཞིན་པའི། ཚེ་རིང་སློབ་གླིང་གིས་སྒྲིག་འཛུགས་བྱས་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ལ་ཞུགས་སྐབས། ཁོང་གིས་འགན་འཁུར་བའི“ཨ་མ་མཛེས་མ་ལགས་ཀྱི་གོས་འཁྲུ་ཁང”རྣམ་གྲངས་སློབ་གླིང་གི་ཚབ་བྱས་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སྐབས་གཉིས་པའི“དྲ་སྦྲེལ+”སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་དང་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ལ་ཞུགས་པ་མ་ཟད། གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ།

ཚེ་རིང་གིས་ད་རེས་འགྲན་བསྡུར་ལ་ཞུགས་རྗེས་ལས་གཏོད་བྱས་ཚེ་གླ་པ་རྒྱུག་པ་ལས་ཕན་ཐོགས་ཆེ་བ་ཡོད་པ་ཤེས་ཤིང་། ལས་གཏོད་ལ་རྒྱུས་མངའ་དེ་ཙམ་མེད་པའི་ཚེ་རིང་། སློབ་གྲྭས་སྒྲིག་འཛུགས་བྱས་པའི་ལས་གཏོད་གསོ་སྦྱོང་ལ་ཞུགས་ཏེ། རྩལ་ནུས་དང་། ཚོང་ལས་བྱེད་ཐབས། ནོར་དོན་རྩིས་རྒྱག་སོགས་ཀྱི་ཤེས་བྱ་སྦྱངས་པ་དང་ལས་གཏོད་ཀྱི་བརྒྱུད་རིམ་ཚད་ལྡན་ཁོང་དུ་ཆུད། སྒོར་གཅིག་གི་མངགས་ཐོ་ཡང་ལེན་རྐྱང་བྱེད་ཅིང་། ད་ཆ་ཚེ་རིང་གི་གོས་འཁྲུས་ལས་སྒོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཆེ་རུ་ཕྱིན་ཡོད། ལས་གཏོད་བརྒྱུད་རིམ་ནང་ཚོང་ལས་ཀྱི་གོ་སྐབས་དེ་བས་མང་པོ་ཐོབ་ཡོད་པ་རེད།

སློབ་མ་ནི་དྲ་ཐོག་ཅ་དངོས་ཉོ་མཁན་གྱི་གཙོ་ཤུགས་དམག་ལྟ་བུ་ཡིན་ཞིང་། ཚེ་རིང་གིས་སློབ་མ་ཚོས་སློབ་གྲྭའི་ཁོར་ཡུག་ལ་རྒྱུས་མངའ་ཆེ་བའི་ལེགས་ཆ་སྤྱད་དེ། སློབ་གྲྭའི་མྱུར་སྐྱེལ་ལས་སྒོ་ཚབ་གཉེར་བྱས་པ་དང་དེར“སློབ་གླིང་666”ཞེས་པའི་མིང་བཏགས། མྱུར་སྐྱེལ་བརྒྱུད་རིམ་ནང་ཚེ་རིང་གིས་སློབ་མའི་རེ་བ་དང་བསྟུན་ནས་སློབ་གླིང་དུ“ཤིང་འབྲས་སོས་པས་ཁྱེད་སྒུག་ནས་ཡོད”ཅེས་པའི་ཤིང་འབྲས་ཚོང་ཁང་བཙུགས་ནས་ཤིང་འབྲས་སྐྱེལ་བའི་ཞབས་འདེགས་ཞུས། 2016ལོའི་ཟླ་11ནས་2017ལོའི་ཟླ་4པ་བར་གྱི་ཟླ་དྲུག་རིང་མྱུར་སྐྱེལ་དང་གོས་འཁྲུ་སོགས་གཉེར་སྐྱོང་ཡོང་འབབ་ཉུང་ཉུང་ཡིན་པ་དང་ཐ་ན་ཟླ་རེར་གྱོང་གུན་སྒོར་ཁྲི་6ཙམ་ཕོག དེ་རྗེས། ཚེ་རིང་གིས་བོད་ལྗོངས་ཀྱི་ཕུགས་འདུན་གཏོད་མཁན་ཆ་འཕྲིན་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད།

2018ལོར་ཚེ་རིང“འདམ་གཞུང་དུ་ཕུགས་འདུན་གཏོད། ལང་ཚོའི་ངོ་མཚར་མངོན”ཞེས་པའི་འདམ་གཞུང་རྫོང་གི་སྐབས་གསུམ་པའི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ལ་ཞུགས་པ་མ་ཟད། བྱ་དགའ་ཡང་ཐོབ་པར་བརྟེན། མུ་མཐུད་བྱ་གཞག་གསར་གཏོད་བྱེད་པའི་སེམས་ཤུགས་འཕེལ་བ་རེད། སློབ་གྲྭ་ཐོན་རྗེས་ཚེ་རིང་གིས་གཞུང་ལས་པའི་ཡིག་རྒྱུགས་ཀྱི་གོ་སྐབས་དོར་ནས་མུ་མཐུད་ལས་གཏོད་བྱས་པ་དང་རང་དངུལ་བཏང་ནས་ནང་སར་ལས་གཏོད་སྤེལ་རེས་ཀྱི་སློབ་སྦྱོང་ལ་ཞུགས་པ་རེད། ད་ཆ་ཚེ་རིང་གི་ཀུང་སིས་སློབ་གྲྭར་འགྲོ་མུས་ཀྱི་དཀའ་ངལ་ཡོད་པའི་སློབ་མར་གཅིག་ལྕོགས་ལས་གནས་60ལྷག་ཙམ་དང་ལས་ཞུགས་ལས་གནས་4མཁོ་འདོན་བྱས་ཡོད།