《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

མཚོ་སྨད་རྫོང་གི་ཏང་ཡོན་1600ལྷག་ཙམ་གྱིས།

མི་རེས་དམ་བཅའ་རེ་བཞག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རམ་འདེགས་བྱ་ཆེད། ཉིན་ཤས་རིང་། མཚོ་སྨད་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཁག་གིས“ང་ནི་ཏང་ཡོན་ཡིན། ངས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་རམ་འདེགས་བྱེད་པའི་དམ་བཅའ་འཇོག་གི་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྨད་རྫོང་གི་གྲོང་ཚོ(གྲོང་ལྷན)ཁག་གི་ཏང་རྩ་འཛུགས་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ། “གསར་གཉིས”ཏང་རྩ་འཛུགས་བཅས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ99འཁོར་བར་རྟེན་འབྲེལ་ཞུ་ཆེད། འཕྲེད་འགེལ་ཡི་གེའི་ཐོག་མིང་འགོད་པ་དང་། ཏང་ཡོན་རེས་དམ་བཅའ་རེ་འཇོག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སློབ་སྦྱོང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག་སོགས་ཀྱི་རྣམ་པར་བརྟེན་ནས“ང་ནི་ཏང་ཡོན་ཡིན། ངས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་རམ་འདེགས་བྱེད་པའི་དམ་བཅའ་འཇོག་གི་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རྫོང་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་90དང་ཏང་ཡོན་1600ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་ལས་ཁུངས་ཀྱི་ཏང་ཡོན་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དེ་བས་ཏན་ཏན་ཏིག་ཏིག་གི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཁྱབ་ཁོངས་འདི་དང་། སྡེ་ཚན་འདི། ལས་གནས་འདི་དང་འབྲེལ་བ་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ། རང་འགན་རང་ཁུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དམ་བཅའ་བཞག་པ་རེད། ཞིང་འབྲོག་ཁུལ་གྱི་ཏང་ཡོན་གྱིས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་ཡོན་གྱི“འགན་གཙང་གསུམ་དང་། སྐུལ་ཁྲིད་ལྔ། སྐུལ་འདེད་ལྔ”གོ་སྐབས་སུ་བྱས་ནས། སྲིད་ཇུས་སྒྲོག་འགྲེལ་དང་། དྲོ་སྐྱིད་སྦྱིན་པ། དཀའ་ངལ་སེལ་བ་སོགས་ཀྱི་བྱེད་སྒོ་རང་འགུལ་ངང་སྤེལ་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་རྒྱུའི་དམ་བཅའ་བཞག་པ་རེད། ཏང་ཡོན་དབུལ་པོས། རང་འགུལ་ངང་དབུལ་སྒྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགོ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ། ཞིང་འབྲོག་ཁུལ་དུ་ཏང་ཡོན་གྱི་གཟུགས་བརྙན་གཏོད་པ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པའི་དམ་བཅའ་བཞག་པ་རེད།