《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

བྱ་དེ་གསོས་ནས་དབུལ་སྒྲོལ་ལམ་བུ་བཏོད།

སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོའི་བོད་བྱ་གསོ་སྤེལ་རྟེན་གཞི་ནི་2019ལོའི་ཟླ་4པར་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། བྱ་ཚང་ཁྱོན་25བསྐྲུན་ནས་སྒོང་མཛོད་དང་། གཟན་ཆག་མཛོད། བྱ་བྲུན་སྤུང་ས། བཙོག་ཆུ་གཙང་གསིང་རྫིང་བུ། དུག་སེལ་ཁང་། གློག་སྤྱོད་ཁང་པ་སོགས་ཀྱི་སྒྲིག་བཀོད་བསྒར་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་9456ཟིན་ཁར། ལག་ཡོད་བོད་བྱ་ཁྲི་5ལྟར་ཇུས་འགོད་བྱས་ཡོད། མིག་སྔར་རྟེན་གཞི་དེ་ལས་མང་ཚོགས་32ལས་ཞུགས་ཐུབ་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཡོད་ཅིང་། འདི་ནི་ཡུལ་དེ་གའི་མང་ཚོགས་ཀྱིས་བྱ་གསོ་ར་བར་བོད་བྱའི་སྒོ་ང་ཐུམ་སྒྲིལ་རྒྱག་བཞིན་པ།