《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཟླ་7ཚེས་31ཉིན་གྱི་སྔ་དྲོ་གཉེར་རྒྱུ་ཡིན་པ།

ཞི་ཅིན་ཕིང་ཕེབས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཟླ་7ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་མི་དམངས་ཚོགས་ཁང་ཆེ་མོར་གཉེར་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་རྒྱུ་ཡིན་པ་རེད།

སྐབས་དེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ས་གནས་ས་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།