《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月31日

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའརྒྱར་མཚན་རྟགས་བཀོད་དེ།

ཚན་པ་3དང་མི་སྒེར་5ལ་བྱས་རྗེས་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་ཚན་པ་3དང་མི་སྒེར་5ལ་བྱས་རྗེས་བཀོད་པ་རེད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཆེན་དང་། མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས། དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་སུའོ་ཞིག་བཅས་ལ་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། སྐམ་དམག་གོ་ཁྲབ་དམག་སློབ་གླིང་སློབ་དཔྱོད་ཁང་ཞིག་གི་དགེ་རྒན་ཆེ་མོ་བ་ཧྲན་ཏུང་ཧྲེང་དང་། སྐམ་དམག་མེ་སྒྱོགས་དམག་དང་མཁའ་ཟོན་དམག་སློབ་གླིང་སློབ་དཔྱོད་ཁང་ཞིག་གི་དགེ་རྒན་ཆེ་མོ་བ་དབན་མིང་ཅེ། མཚོ་དམག་ཆུར་འཛུལ་དམག་གྲུ་སློབ་གླིང་ཞིབ་འཇུག་སུའོ་ཞིག་གི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ཏ་ལེའང་ལུང་བཅས་ལ་བྱས་རྗེས་རིམ་པ་གཉིས་པ་བཀོད་པ། 96911དཔུང་སྡེའི་ཞིབ་འཇུག་ཁང་ཞིག་གི་མཐོ་རིམ་བཟོ་བཀོད་པ་ཐན་ཁེ་ཁེ་དང་རྒྱལ་སྲུང་སློབ་ཆེན་སློབ་གླིང་ཞིག་གི་མཐོ་རིམ་བཟོ་བཀོད་པ་རྒན་པ་ཧུའུ་ཞའོ་ཧྥུང་ལ་བྱས་རྗེས་རིམ་པ་གསུམ་པ་བཀོད་པ་རེད།