《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

ཆེ་དགྲ་ལྷ་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། 2020ལོ་འཁོར་གྱི་ཞིབ་དཔྱད་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

བརྙན་འཕྲིན་ཁ་པར་ཚོགས་འདུ་མཇུག་འགྲིལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཀོད་སྒྲིག་ཞིབ་ཚགས་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་ནས་འབྲུའི་བདེ་འཇགས་འགན་ལེན་བྱས་ཡོད། 2018ལོ་དང་2019ལོ་གཉིས་བསྟུད་མར་རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་བྱས་འབྲས“ལེགས་པོར”སླེབས་པ་དང་ལྷག་པར་དུ་འདི་ལོ་ཚུན་དུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་རང་ལྗོངས་ཀྱི་འབྲུ་རིགས་མཁོ་སྤྲོད་བརྟན་པོ་དང་འབྲུ་གོང་བརྟན་པོ་ཡོད་པས། ང་ཚོས་འབྲུ་རིགས་བདེ་འཇགས་ལ་དམ་འཛིན་སྔར་ལས་ལྷག་པ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་འཕེལ་ཡོད། གོམ་སྟབས་རྗེས་མར་རིམ་ཁག་སྡེ་ཚན་ཁག་གིས་ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ཁ་གསལ་བཏོན་པའི“མུའུ་ཁྲི་363ཟིན་པའི་འབྲུ་རིགས་ཐོན་སྐྱེད་བྱ་ཡུལ་དབྱེ་མཚམས་ཕྱེ་བ་དང་། མུའུ་ཁྲི་75ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་བཟོ་བ། མུའུ་ཁྲི་200ཟིན་པའི་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་འདུ་འགོད་ལག་ལེན་བསྟར་བ”བཅས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འབྲུ་རིགས་བདེ་འཇགས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཁ་དང་ཆུ་བེད་ཀྱི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་སེལ་བ། ནས་ཐོན་འཕར་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། གཞུང་ཁོངས་ཀྱི་འབྲུ་རིགས་གྲབས་གསོག་ནུས་པ་ཆེ་རུ་གཏོང་བ། འབྲུ་རིགས་འགན་སྲུང་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་དཔྱད་ཞིབ་ཀྱི་སྟོན་ཕྱོགས་ནུས་པ་གང་ལེགས་བཏོན་ནས་འབྲུ་རིགས་ཐོན་སྐྱེད་དང་། གྲབས་གསོག ལས་སྣོན། འཁོར་རྒྱུག བྲིན་ཚོང་། ལྟ་འདོམས་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་མང་པོར་དམིགས་པ་དང་། གནད་དོན་ལ་རང་བཤེར་བྱས་ནས་ཞན་ཆ་སེལ་བ། གནད་དོན་ལ་ཐད་ཀར་གཏུགས་ནས་དག་ཐེར་ལ་དམ་འཛིན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྲུ་རིགས་བདེ་འཇགས་ལས་དོན་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་གནད་སྨིན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

(བསྟན་བློས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)