《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་31པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་31པ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་། བློ་བཟང་འགྱུར་མེད། བསོད་ནམས་རིག་འཛིན། ཝང་ཡ་ལིན། བཀྲ་ཤིས་ཟླ་བ་བཅས་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་གསུམ་པ་འགོ་ནས་མཇུག་བར་ཀློག་པ་དང་ནན་ཏན་ངང་སྦྱོང་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་བྱས་པ་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་སློབ་སྦྱོང་བྱ་རྒྱུའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། འཇོན་ཐང་རྒྱས་ཐུབ་པ་བཅས་བྱེད་དགོས་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་བླངས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་ལེན་པ་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་དོན་སྙིང་གལ་ཆེན་དང་བསྟན་དོན་གཙོ་བོ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་དགོས་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བསམ་ཕྱོགས་གསར་པ་དང་ཇུས་གཞི་གསར་པ་འདོན་པ་དང་བྱེད་ཐབས་གསར་པ་བཟོས་ནས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་ཀྲུའུ་ཞི་དབང་དབྱང་གིས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་སུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་གནང་བ་རེད།

ཚོགས་འདུའི་ཐོག་གྲོས་གཞི་ཨུ་ལྷན་གྱི《དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུ》དང་། རིག་གནས་དང་རྩོམ་རིག་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི《“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི》དང《〈གསར་འགྱུར་ལས་དོན་པ་ཞིག་གི་བོད་ཀྱི་དྲན་ཐོ〉ཞེས་པ་དཔེ་སྐྲུན་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》ལ་གྲོས་ཞིབ་དང་གྲོས་བསྡུར་གནང་བ་དང་འབྲེལ་རྩ་དོན་ཐོག་ནས་མོས་མཐུན་ཡང་གནང་བ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)