《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

སྤྲོ་སྣང་ལྡན་པའི་དབྱར་གསེང་།

དབྱར་གསེང་གི་དུས་སུ། ཉིན་རེར་འགུལ་སྐྱོད་འོས་འཚམ་བྱེད་པ་ནི་སློབ་གྲྭ་མང་པོས་སློབ་མར་བཀོད་སྒྲིག་བྱས་པའི་གུང་གསེང་གི་སྦྱོང་ཚན་རེད། ས་ཆ་ཁག་གི་སློབ་གྲྭ་དང་། བྱིས་པའི་ཕོ་བྲང་། དབྱར་སྒར་བཅས་ཀྱི་ཚན་རྩལ་དང་། སྒྱུ་རྩལ། ལུས་རྩལ་བཅས་རིགས་ཀྱི་སློབ་ཚན་གྱིས་སློབ་མ་མང་པོའི་ཡིད་དབང་འཕྲོག་ཡོད། ཕྲུ་གུ་ཚོས་འཇོན་ནུས་སྦྱོང་བ་དང་ལུས་རྩལ་རྣམ་གྲངས་སོགས་ཀྱི་ལག་ལེན་བརྒྱུད་ལུས་སྟོབས་རྒྱས་ཤིང་། གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བ་བྱས་ནས་སྤྲོ་སྣང་ལྡན་པའི་དབྱར་གསེང་ལོངས་སུ་སྤྱོད་བཞིན་ཡོད།

↑ཧོ་པེ། དྲག་རྩལ་ལ་དགའ་པོ་བྱེད་མཁན་གྱིས་ཧོ་པེ་ཐང་ཧྲན་ཙུན་ཧྭ་གྲོང་ཁྱེར་གྱི་སློབ་གྲྭའི་ལུས་རྩལ་ར་བར་དྲག་རྩལ་སྦྱོང་བཞིན་པ།

↑ཧུའུ་པེ། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་གི་ཞབས་བྲོ་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་གྱིས་སློབ་མར་རྨང་གཞིའི་སྟངས་སྟབས་སློབ་བཞིན་པ།

↑ཧྲན་ཏུང་། ཧྲན་ཏུང་ཆིང་ཏའོ་ཅི་མོ་ཅུས་ཀྱི་ཆིང་ཏའོ་ཐུང་ཅི་ཚོད་ལྟའི་སློབ་གྲྭས་དབྱར་གསེང་གི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་གཉེར་བ་དང་། འདི་ནི་ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོའི་ར་བར་འགྲན་བསྡུར་བྱེད་བཞིན་པ།

↑ཨན་ཧུའེ། ཨན་ཧུའེ་ཞིང་ཆེན་ཧུའེ་པེ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གསུམ་པའི་སློབ་མས་དབྱར་གསེང་གི་མཁའ་འགྲུལ་ལད་ཟློས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོར་རང་བཟོས་གནམ་གྲུ་འགྲེམས་སྟོན་བྱེད་བཞིན་པ།