《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

རིགས་གཅིག་མཁས་ཅན་གྱིས་གཅིན་སྙི་ཟགས་ཁུའི་ནད་པར་དབྱར་དུས་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་སྟངས་བསླབས་པ།

རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།

གཅིན་སྙི་ཟགས་ཁུའི་ནད་པས་ལུས་སྦྱོང་མ་བྱས་གོང་འཐུང་ཆུ་དང་། བཟའ་བཅའ། ཁྲག་མངར་འཇལ་ཆས་བཅས་དང་དེ་བཞིན་གཅིན་སྙི་ཟགས་ཁུའི་ནད་པའི་མྱུར་སྐྱོབ་གཱ་བཅས་གྲ་སྒྲིག་ཡག་པོ་བྱེད་དགོས།

དབྱར་དུས་སུ་གཅིན་སྙི་ཟགས་ཁུའི་ནད་པར་ཁ་སྐོམ་པ་དང་ལུས་ཟུངས་ཉམས་པ་སོགས་ཀྱི་སྣང་ཚུལ་ཐོན་སླ་པོ་ཡོད།

ཁྲག་མངར་ཚོད་འཛིན་ཡག་པོ་མ་ཐུབ་པའི་སྐབས་སུ་གཅིན་སྙི་ཟགས་ཁུའི་ནང་ཐུམ་རྒྱུ་འདུས་ཚད་ཀྱི་དུག་ཤེད་མང་དུ་སོང་བ་སོགས་གཅིན་སྙི་ཟགས་ཁུའི་ནད་ཀྱི་དོད་དྲག་འདུས་ནད་ཀྱི་ནད་རྟགས་ཐོན་སླ་པོ་ཡོད་པས། གཅིན་སྙི་ཟགས་ཁུའི་ནད་པས་ལུས་སྦྱོང་བྱེད་སྐབས་མྱུར་སྐྱོབ་གཱ་ཁྱེར་ནས་གོང་གསལ་གྱི་གློ་བུར་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱེད་དགོས།

རིགས་གཅིག་མཁས་ཅན་གྱི་གྲོས་འགོ།

དབྱར་དུས་སུ་གཅིན་སྙི་ཟགས་ཁུའི་ནད་པས་གཤམ་གསལ་གྱི“དལ་བའི་ལུས་རྩལ”དཔེར་ན་འཆམ་འཆམ་དང་། ལུས་སྦྱོང་ལུས་རྩལ། ཐའེ་ཅི་ཆོན། ལུས་སྦྱོང་པ་ཏོན་ཅིན་སོགས་གང་འཚམ་རྩེ་དགོས།

ལུས་རྩལ་རྩེ་བའི་དུས་ཚོད་རིང་དྲགས་རྒྱུ་མེད་པ་དང་། སྤྱིར་བཏང་ལུས་སྦྱོང་བྱེད་རིམ་བཞིན་སྐར་མ་30འཚམ་ཤོས་ཡིན་པ། དེ་ལས་བརྒལ་ནས་རྔུལ་ཆུ་མང་པོ་དོན་ཚེ། ལུས་ཆུ་ཟད་པ་དང་ཚད་པ་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད།

གཅིན་སྙི་ཟགས་ཁུའི་ནད་པས་ལུས་སྦྱོང་བྱས་རྗེས་ལམ་སེང་གཟུགས་པོ་འཁྲུ་རྒྱུ་མེད་ལ་ཆུ་གྲང་མོ་ཡང་འཐུང་རྒྱུ་མེད་པར་ངལ་གསོ་འོས་འཚམ་རྒྱག་རྒྱུར་དོ་སྣང་བྱེད་དགོས།

རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།

ཐུམ་རྒྱུ་འདུས་ཚད་ཀྱི་དུག་ཤེད་མང་བའི་གཅིན་སྙི་ཟགས་ཁུའི་ནད་པ་དང་། སྙིང་གཟེར་ལངས་པའི་ནད་པ། སྙིང་འཕར་ཤུགས་རྒྱུན་གཏན་མིན་པའི་ནད་པ་བཅས་ཀྱིས་ལུས་རྩལ་རྩེད་ན་འཚམ་པོ་མེད། ཁྲག་མངར་དམའ་རུ་འགྲོ་བའི་ནད་པས་ནད་གཞི་ཅུང་ཞི་ལྷོད་དུ་སོང་བའི་རྗེས་སྨན་པའི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་སྟངས་གདམ་དགོས།