《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

ཞིང་ལས་བྲེལ་བ་ཆེ་ཡང་སློབ་སྦྱོང་ལ་འཐུས་ཤོར་མི་གཏོང་བ།

འདི་ལོའི་ཚུན་དུ་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་འཐབ་ས་དང་པོར་བསྐྱོད་དེ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་དགོས་པའི་འབོད་སྐུལ་དང་ལེན་བྱས་ཏེ་འཕྲལ་མར་ལས་དོན་ཚོགས་ཆུང་བཙུགས་པ་དང་། ཆེད་ལས་ལག་རྩལ་གྱི་རྐང་འཛིན་མི་སྣ་གཤམ་གཏོང་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཞིང་འབྲོག་མང་ཚོགས་ལ་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཁོང་ཚོའི་ལག་རྩལ་གྱི་དཀའ་གནད་བསལ་ཡོད།

འདི་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ལྷོ་ཁ་གྲོང་ཁྱེར་ཁྱབ་གདལ་ལྟེ་གནས་ཀྱི་ལག་རྩལ་མི་སྣ་ལས་གྲུབ་པའི་ཞིང་ལས་ཚན་རྩལ་རིགས་གཅིག་མཁས་ཅན་ཟངས་རི་རྫོང་རོང་ཤང་སྦ་ནག་གྲོང་ཚོའི་ཞིང་ནང་དུ་བསྐྱོད་དེ་ཞིང་པར་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།