《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ལྷ་ས་འགག་སྒོས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ལྐོག་འདྲེན་ལ་རྡུང་རྡེག་ཚ་ནན་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ལྐོག་འདྲེན་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཆེད། ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་པ་མ་ཟད། ཆེད་དོན་བྱ་སྤྱོད་ཚོགས་ཆུང་བཙུགས་ནས་བྱེད་ཐབས་སྔར་བས་ཞིབ་བཟོ་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ལྐོག་འདྲེན་གྱི་གྱོད་གཞིར་རྡུང་རྡེག་ནན་པོ་བཏང་ནས་རྒྱལ་སྒོའི་སྣོད་བཅུད་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ལས་གཙོ་གནད་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ལྐོག་འདྲེན་གྱི་གྱོད་གཞིར་རྡུང་རྡེག་བཏང་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ལ་ལྟ་འདོམས་ནན་པོ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་ཟོག་ཉོ་ཚོང་བྱ་ཡུལ་གཙོ་བོ་དང་འཛད་སྤྱོད་བྱེད་ས་སོགས་གཙོ་གནད་ས་ཁོངས་ལ་བཅོས་སྒྲིག་ནུས་ལྡན་བྱས་པ་རེད།

↑ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཁོངས་སུ་ཁྱབ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཤྭ་བ་མཆུ་དཀར།

↑ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟེར་མོ།