《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ཁྲེང་ཀོན་ཆུས་ར་མོ་ཆེ་སྡེ་ཁུལ་གྱིས“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “འཆལ་རྡུང་ལོག་སེལ”གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྐྱོན་བྲལ་ཡར་ཐོན་དང་ཚད་ལྡན་གོ་རིམ་ལྡན་པའི་རིག་གནས་ཁོར་ཡུག་གཏོད་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ར་མོ་ཆེ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས“དཔར་དབང་རྐུ་སྤྱོད་ཀྱི་དཔེ་སྐྲུན་དངོས་པོ་གཏན་འགོག་གིས་ཤེས་དཔལ་སྐྱོན་བྲལ་གྱི་སྤྱི་དམངས་བྱ་རྒྱུའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་བརྙན་ལམ་བསྟན་པ་དང“འཆལ་རྡུང་ལོག་སེལ”འགོག་པའི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་བཀྲམ་ནས་སྤྱི་དམངས་ཚོར“འཆལ་རྒྱུག”གི་གནོད་འཚེ་དྲིལ་བསྒྲགས་དང་རྒྱ་ཆེའི་གྲོང་མི“འཆལ་རྡུང་ལོག་སེལ”ལས་དོན་ནང་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རང་རྟོགས་ངང་ཆགས་སྲེད་སྒྲ་བརྙན་བཟོས་རྫས་དང་ལོ་ཆུང་བྱིས་པའི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་འགོག་པ་དང་ཆབས་ཅིག་ཤེས་བྱར་བརྩི་འཇོག་དང་གསར་གཏོད་ལ་བརྩི་འཇོག་གི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱིས་གསར་གཏོད་ལ་བརྩི་འཇོག་དང་། དཔར་དབང་ངོ་མར་རྒྱབ་སྐྱོར། ཤེས་བྱའི་བདག་དབང་གི་ཉེས་གསོག་འགོག་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བྱེད་སྒོའི་ནང་འཆལ་རྡུང་ལོག་སེལ་འགོག་པའི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་རྐང་200བཀྲམ་ནས་རིག་གནས་གསར་གཏོད་དང་གསར་རྩོམ་སྲུང་སྐྱོང་གི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་རེད།