《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་7རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་འདེམས་འཆར་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུས་ཁག་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་གཞུང་ནང་འདེམས་འཆར་ཡོད་པའི་གྲོང་ཚོའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་7ཚུད་ཡོད་པ་རེད།

ཐེངས་འདིར་བདམས་ཐོན་བྱུང་བའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་7ནི་སྟག་རྩེ་ཆུས་འབྲོམ་སྟོད་ཤང་གི་ཡེར་པ་གྲོང་ཚོ་དང་། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་འབྲོག་མ་གྲོང་ཚོ། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ཐོན་མདའ་གྲོང་ཚོ། སྣེའུ་ཁུལ་གསར་གྱི་སྟར་སྡོང་གྲོང་ཚོ། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་འོད་པ་གྲོང་ཚོ། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གི་སྦྱར་བཞི་གྲོང་ཚོ། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་འཇུན་པ་གྲོང་ཚོ་བཅས་ཡིན་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། མིང་གཞུང་ནང་ཚུད་པའི་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་སྔོན་ལ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།