《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

སྒེར་རྩེ་རྫོང་གིས།

འཛུགས་སྐྲུན་བྱེད་བཞིན་པའི་ལས་ཡུལ་གྱི་སྤུས་ཚད་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་སྒེར་རྩེ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། འཛུཌ་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་སྤུས་ཚད་བདེ་འཇཌ་ཀྱི་ལྟ་འདོམས་དང་ཨར་སྐྲུན་ལས་ཡུལ་དུ་ཐལ་རྡུལ་གང་སར་ལང་བ་བཅོས་སྐྱོང་བྱ་རྒྱུར་སྔར་བས་ཤུཌ་སྣོན་རྒྱག་ཆེད། སྒེར་རྩེ་རྫོང་སྤུས་ཚད་ལྟ་སྐུལ་ས་ཚིཌ་ཀྱིས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་ཉེ་ཆར་རྫོང་དེ་གའི་བཙོག་ཆུ་དྭངས་གསིང་དང་། གཅིག་སྡུད་མ་ལག་གི་འཛུཌ་སྐྲུན་རྣམ་གྲངས་དང་། སྒེར་རྩེ་རྫོང་གི་སྐར་མ་རིམ་པའི་ཡུལ་སྐོར་ཕྱོཌ་བསྡུས་ཞབས་ཞུའི་ས་ཚིཌ་འཛུཌ་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་ལས་ཡུལ་གྱི་སྤུས་ཚད་བདེ་འཇགས་དང་ཐལ་རྡུལ་གང་སར་ལང་བ་བཅོས་སྐྱོང་བྱེད་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ཤེས་རྟོཌ་བྱུང་བར་གཞིཌ་ན། ད་རེས་ཀྱི་བྱ་སྤྱོད་ལ་རྣམ་གྲངས་ཨར་སྐྲུན་གྱི་མ་བཅོས་རྒྱུ་ཆ་དང་། བདེ་འཇཌ་སྒྲིག་བཀོད། ས་གནས་ས་ཐོག་ཏུ་ཐལ་རྡུལ་གང་སར་ལང་བ་བཅོས་སྐྱོང་བྱེད་ཚུལ་སོཌ་ལ་ཞིབ་བཤེར་དང་ས་གནས་ས་ཐོག་ལ་ཚད་འཇལ་ཡང་བྱས་པ་མ་ཟད། ཨར་སྐྲུན་ཚན་པ་དང་ལྟ་སྐུལ་དོ་དམ་ཚན་པའི་རྣམ་གྲངས་འཛུཌ་སྐྲུན་གྱི་གནས་ཚུལ་སྙན་ཞུ་ཡང་ཉན་ནས་ད་རེས་ཀྱི་ཞིབ་བཤེར་བྱེད་རིང་ཤེས་རྟོཌ་ཐུབ་པའི་གནད་དོན་ལ་དམིཌ་ཏེ་ས་གནས་ས་ཐོག་ཏུ་དག་ཐེར་བྱས་པ་རེད།