《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

སྙེ་མོ་རྫོང་གི་ལས་བྱེད་པས“གཅིག་གཏད་གཅིག”གི་བྱ་ཐབས་སྤྱད་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་པ།

གསོ་ཚགས་ལ་ཆ་རྒྱུས་མེད་མཁན་ཡུལ་དེའི་གསོ་ཚགས་རིགས་གཅིག་མཁས་པར་གྱུར་པ།

ཐོ་རེངས་སུ་བྱ་ཕོས་སྐྱ་མདའ་བཏང་མ་ཐག་སྙེ་མོ་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཆིང་གོས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བོད་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞིར་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས།

སྙེ་མོ་རྫོང་དུ་ཝང་ཆིང་གོ་དང་འདྲ་བར་འདེབས་འཛུགས་གསོ་ཚགས་ཀྱི“ཡུལ་དེའི་རིགས་གཅིག་མཁས་ཅན”དུ་གྱུར་པའི་རིམ་ཁག་ཏང་ཡོན་ལས་བྱེད་པ་ཁྱོན་153ཡོད།

ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྙེ་མོ་རྫོང་གིས《ལས་བྱེད་པས“གཅིག་གཏད་གཅིག”གི་བྱ་ཐབས་སྤྱད་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སྙེ་མོ་རྫོང་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཇུས་གཞི》ཆེད་མངགས་བཟོས་ཤིང་། ལས་བྱེད་པས་སྣེ་ཁྲིད་རྒྱུ་དང་། ཏང་ཡོན་གྱིས་སྔོན་དུ་བསྐྱོད་རྒྱུ། མང་ཚོགས་ཀྱིས་དེའི་ནང་ཞུགས་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་མཐོར་གཏོང་ལ་སྐུལ་འདེད་དང་། སྤྱོད་བཟང་སྒྲིག་ནན་གྱིས་ངར་ཤུགས་འཕེལ་བར་བྱས་ཡོད།

འདི་ལོའི་ཟླ་3པར“གཅིག་གཏད་གཅིག”གི་རོགས་སྐྱོར་ལས་བྱེད་པ་ཝང་ཆིང་གོ་གསོ་ཚགས་རྟེན་གཞིར་འབྱོར་རྗེས་ཉིན་ལྟར་ཆུ་ཚོད་12ཀྱི་ལས་ཀའི་ལས་རིམ་རེའུ་མིག་བཟོས་པ་ལས། བོད་བྱའི“འཚོ་བའི་སྤུས་ཚད”ལེགས་སུ་ཕྱིན་ཡོད།

གཙང་སྦྲ་དོད་པོ་ཡོང་བའི་འགན་ལེན་བྱ་ཆེད། བཅར་འདྲི་བྱེད་རིང་གསར་འགོད་པ་དང་བཅས་པར་དུག་སེལ་བྱས་ཟིན་ནའང་བྱ་ཚང་ནང་སྐྱོད་ཆོག་གི་མེད་པ་དང་ཐ་ན་མཉམ་ལས་ཁང་གི་ལས་དོན་མི་སྣ་ཡང་བྱ་ཚང་ནང་རང་དགར་འཛུལ་ཆོག་གི་མེད།

བྱ་ཚང་རེ་རེར་ཆེད་གཉེར་དོ་དམ་པ་བཀོད་སྒྲིག་བྱས་ཡོད། དོ་དམ་པ་ཕུད་མི་སུ་ཞིག་ཀྱང་ནང་དུ་འཛུལ་ཆོག་གི་མེད་པ་ནི་ཝང་ཆིང་གོས་གཏན་འཁེལ་བྱས་པའི་སྒྲིག་ལམ་ཞིག་རེད། སྒྲིག་ལམ་དེ་འདྲ་ཞིག་བཟོ་དོན་ནི་འགོ་ནད་ཕན་ཚུན་མི་འགོ་བའི་ཆེད་དུ་རེད། བྱ་ཚང་ནང་སྐྱོད་སྐབས་སྒྲིག་ལམ་ཡོད་པ་ཕུད། ད་དུང་ལས་དོན་མི་སྣའི་འཚོ་བའི་ཁུལ་དུ་སྐྱོད་པའི་སྐབས་སུའང་ཆེད་དམིགས་གཙང་སྦྲའི་ལམ་ལུགས་ཤིག་ཀྱང་ཡོད།

རྟེན་གཞིར་བོད་བྱ་གསོ་ཚགས་བྱེད་སྐབས་དང་དོད་ཆེན་པོ་ཡོད་ཅིང་། དེ་སྔོན་བོད་བྱ་ཉིན་ལྟར་ལས་དོན་མི་སྣས་བྱ་ཚང་དུ་དེད་དགོས་ཀྱི་ཡོད། དེ་ལྟར་བྱས་ན་བོད་བྱ་འདྲོགས་ནས་ཤི་ཚད་མཐོ་རུ་འགྲོ་གི་ཡོད། དེར་བརྟེན་རིགས་གཅིག་མཁས་ཅན་ལ་བློ་འདྲི་བྱས་རྗེས། རྟེན་གཞིས་བྱ་ཚང་ནང་ནུས་སྲིའི་གློག་སྒྲོན་སྒྲིག་སྦྱོར་བྱས་པ་མ་ཟད། ཤེལ་ཏོག་ལ་ཚོན་དམར་སེར་བྱུག་ནས་བོད་བྱ་རང་འགུལ་ངང་བྱ་ཚང་དུ་ལོག་ཐབས་བྱེད་ཀྱི་ཡོད།

ཝང་ཆིང་གོས་ད་ལྟ་བོད་བྱའི་གོམས་གཤིས་སྐོར་གླེང་སྐབས་བྱ་དེ་གསོ་སྐབས་དོ་སྣང་བྱེད་དགོས་ལུགས་རྫོགས་རྒྱུ་མེད་པར་བརྗོད། འོན་ཀྱང་ཁོང་ཐོག་མར་སླེབས་པའི་དུས་སུ་བོད་བྱ་གསོ་ཚགས་བྱེད་པར་རྒྱུས་མངའ་གང་ཡང་མེད། ཐོན་འབབ་མང་དུ་མི་འགྲོ་བ་དང་སྐབས་རེ་བྱ་དེ་ཤི་བ་སོགས་ཀྱི་གནས་ཚུལ་ཐོན་སྐབས་ཝང་ཆིང་གོར་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། “ཐོག་མར་གསོ་ཚགས་རྟེན་གཞི་དེ་བསྐྲུན་པར་དངུལ་མི་ཉུང་བ་ཞིག་བཏང་བ་དང་། ཚང་མས་དེ་ལས་ཡོང་འབབ་མང་དུ་འགྲོ་རྒྱུའི་རེ་བ་ཆེན་པོ་བཅོལ་ཡོད”ཅེས་ཝང་ཆིང་གོས་བཤད།

ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། དཔེ་དེབ་དང་དཔྱད་ཡིག་ལྟ་ཀློག་བྱེད་པ་ཕུད། ཝང་ཆིང་གོས་ད་དུང་གསོ་ཚགས་ལག་རྩལ་མི་སྣ་དང་འབྲེལ་གཏུག་སྤེལ་རེས་ཧུར་ཐག་བྱེད་ཀྱི་ཡོད། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱེད་པ་ཕུད། ཁོང་གིས་ད་དུང་ཉིན་ལྟར་ལས་དོན་མི་སྣ་དང་མཉམ་དུ་གསོ་ཚགས་བརྒྱུད་རིམ་ནང་ཞུགས་ནས་ལྟ་ཞིབ་དང་དབྱེ་ཞིབ་ཞིབ་ཚགས་བྱས་རྗེས། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་གསོ་ཚགས་དོ་དམ་བྱེད་ཐབས་ཆ་ཚང་ཞིག་ཀྱང་གཏན་འབེབས་བྱས་ཡོད།

སྨི་ངོས་གྲུ་10ཡང་མ་ཟིན་པའི་ངལ་གསོ་ཁང་ནང་། གསོ་ཚགས་སྐོར་གྱི་དཔེ་དེབ་བཅུ་གྲངས་འགའ་ཞིག་བཞག་པ་ལས་བརྙན་འཕྲིན་དང་གློག་ཀླད་སོགས་གང་ཡང་མེད། རྒྱུན་དུ་ཁོང་གིས་རང་སྦྱོང་བྱེད་པ་ཕུད་ད་དུང་རྟེན་གཞིའི་ལས་དོན་མི་སྣ་སྐོང་ནས་གསོ་ཚགས་བྱེད་ཐབས་སྣ་ཚོགས་ལ་བརྩོན་ཞིབ་བྱེད་ཀྱི་ཡོད།

ཉིན་ལྟར་ཚང་མ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་པའི་ཝང་ཆིང་གོ་མཐོང་སྐབས། གསོ་ཚགས་རྟེན་གཞིའི་ལས་དོན་མི་སྣར་ཡང་ཤུགས་རྐྱེན་བཟང་པོ་ཐེབས་ནས་ལས་ཀ་བྱེད་སྐབས་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། ཝང་ཆིང་གོས་དུས་ཐུང་ཟླ་བ་ཁ་ཤས་ནང་། གསོ་ཚགས་རྟེན་གཞིའི་གཞི་ཁྱོན་ཐོག་མའི་བྱ་དེ་15000ལྷག་ཙམ་གྱིས་ཉིན་ལྟར་སྒོ་ང་700-1000ལྷག་ཙམ་བར་གཏོང་བ་ནས་ད་ལྟ་བྱ་དེ་22000ལྷག་ཙམ་གྱིས་ཉིན་ལྟར་སྒོ་ང་3000ལྷག་ཙམ་གཏོང་བའི་བར་ཆེ་རུ་སོང་ཡོད། དེ་དང་ཆབས་ཅིག་རྟེན་གཞིས་ད་དུང་བྱ་ཕྲུག་ཟམ་མི་ཆད་པར་ནང་འདྲེན་བྱེད་བཞིན་ཡོད་པ་དང་མིག་སྔར་བྱ་ཕྲུག་8000ལྷག་ཙམ་ཡོད་པ་རེད།

ད་ལྟ། ལས་བྱེད་པས“གཅིག་གཏད་གཅིག”གི་བྱ་ཐབས་སྤྱད་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ཁྲོད། ངལ་ནུས་ཡོད་པའི་སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཚང་མར་རང་ཉིད་དང་འཚམ་པའི་ལས་ཀ་རག་ཡོད་པ་མ་ཟད། ད་དུང་ལག་ལེན་ཁྲོད་ལག་རྩལ་སྣ་གཅིག་ཤེས་པས། ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།

(སྤེན་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)