《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

འདི་ལོ་རང་ལྗོངས་ཀྱིས“ནུབ་རྒྱུད་འཆར་གཞིའི”དང་བླངས་པ་642བསྡུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་སྡེ་ཚོགས་ལྗོངས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22(བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་། ཧྲན་ཤིས་དང་། ཅང་ཤིས། ཧོ་ནན། ཀོང་ཤིས། བོད་ལྗོངས)ལ་ཕྱོགས་ནས“ནུབ་རྒྱུད་འཆར་གཞིའི”བོད་ཀྱི་ཆེད་དོན་དང་བླངས་པ་642བསྡུས་པའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མི་108ཡོད། དུས་ཡུན་ཉིན་4ཡི་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱས་རྗེས“ནུབ་རྒྱུད་འཆར་གཞིའི”རང་སྐྱོང་ལྗོངས་རྣམ་གྲངས་གཞུང་དོན་ཁང་གིས་ཆེད་མི་མངགས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་དང་བླངས་པ་རྩིས་སྤྲོད་རྩིས་ལེན་དང་ལས་གནས་སུ་མ་ཞུགས་གོང་གི་མཛུབ་ཁྲིད་ལ་གཞོགས་འདེགས་བྱས་པ་རེད། བོད་སྐྱོད་དང་བླངས་པ་བདེ་འཇགས་དང་བདེ་ཐང་ངང་ལས་གནས་ཐོག་སླེབས་པའི་འགན་ལེན་བྱ་ཆེད། “ནུབ་རྒྱུད་འཆར་གཞིའི”རང་སྐྱོང་ལྗོངས་རྣམ་གྲངས་གཞུང་དོན་ཁང་གིས་ད་དུང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་མཉམ་དུ་མཐུན་སྦྱོར་བྱས་ནས་དང་བླངས་པ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ནུབ་རྒྱུད་འཆར་གཞི”བོད་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ཚུན། རིམ་རྩིས་བྱས་ན་སློབ་ཆེན་སློབ་ཐོན་སློབ་མ་9600ལྷག་ཙམ་བོད་དུ་ཞབས་འདེགས་ཞུ་བར་ཡོང་ཡོད། དེའི་ནང་དང་བླངས་པ་3000ལྷག་ཙམ་གྱིས་ཞབས་ཞུའི་དུས་ཚོད་ཐིམ་རྗེས་བོད་དུ་གཞི་ཚུགས་ནས་ལས་ཞུགས་ལས་གཏོད་བྱ་རྒྱུ་བདམས་ཏེ་རྨང་གཞིའི་སློབ་གསོ་དང་། ཞིང་འབྲོག་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། རིག་གནས་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་གཞོལ་བཞིན་ཡོད་པས་དེས་གཞི་རིམ་གྱི་སྟོབས་ཤུགས་ཕུན་སུམ་ཚོགས་སུ་གཏོང་བ། ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་བཅོས། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་གསོན་ཤུགས་བསྣན་ཡོད་པ་རེད།