《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月29日

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་ལི་ཤའོ་ཧུང་གིས་རུ་སྣེ་ཁྲིད་དེ་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲོང་ཡན་ལྷན་དུ་ཕེབས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་24དང་ཚེས་25ཉིན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་ལི་ཤའོ་ཧུང་གིས་བརྟག་ཞིབ་ཚོགས་ཆུང་གི་རུ་སྣེ་ཁྲིད་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་མཉམ་དུ་ཕེབས་ཡོད་པ་རེད།

ཚེས་24ཉིན་གྱི་སྔ་དྲོ་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་གནམ་གྲུར་བཞུགས་ནས་ཉིང་ཁྲི་གྲོང་ཁྱེར་དུ་འབྱོར་རྗེས། ས་མཐོའི་གསོ་རླུང་མི་འདང་བ་དང་ལམ་བར་གྱི་ངལ་དུབ་ལ་མི་འཛེམ་པར་ལས་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། བརྟག་ཞིབ་གནང་སྐབས་ལི་ཤའོ་ཧུང་གིས་ལས་གྲྭའི་ལས་དོན་མི་སྣའི་ངོ་སྤྲོད་གསན་པ་དང་། ལས་གྲྭའི་འཆར་འགོད་འཛུགས་སྐྲུན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ས་ཐོག་གི་རིགས་གཅིག་མཁས་ཅན་དང་སྤེལ་རེས་་གཏིང་ཟབ་གནང་བ་དང་འབྲེལ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་དང་རྩད་ཞིབ་ཇུས་འགོད་ཚན་པའི་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་ཚོས་ཡང་འབད་བསྐྱར་འབད་དང་། འགག་སྒྲོལ་དཀའ་སེལ། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐུལ་ལྕག་ཡང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལི་ཤའོ་ཧུང་གིས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་མི་དམངས་ཚོའི་རེ་སྒུག་ཆེན་པོ་ཞིག་དང་། རྒྱལ་ཡོངས་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་རེད། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་ཞུས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། ལག་རྩལ་རྒྱབ་སྐྱོར། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་བློས་འཁེལ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ཁོང་དུ་ཏན་ཏིག་ཆུད་པར་བྱེད་པ་དང་། “ལམ་གཉིས་ཀྱི་སྙིང་སྟོབས”དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་ས་གཤིས་ཀྱི་གནད་དོན་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། དུས་འགོའི་ལས་དོན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། ལས་ཀའི་ཕན་འབྲས་དངོས་ཀྱི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ལི་ཤའོ་ཧུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་མ་ཟད། ཀྲུང་གོ་བཟོ་སྐྲུན་ཁང་དང་དེ་བཞིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཀྲོང་ཡན་གྱིས། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “ལས་མི་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། དུས་དང་རྣམ་པ་ཀུན། བློ་གཅིག་སེམས་གཅིག”བཅས་ཀྱི་རྩ་དོན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་དང་། གཞོགས་འདེགས། ཞབས་ཞུ། འགན་ལེན་བཅས་ཡག་པོ་བྱས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དེ“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྕགས་ལམ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལྕགས་ལམ”དུ་འགྱུར་བ་བྱ་རྒྱུ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་འཆང་ལུགས་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།