《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་7ཚེས་27ཉིན་ནས་ཟླ་8ཚེས་2ཉིན་བར)

གཟའ་འཁོར་འདིའི་ནང་ཆར་པ་མང་པོ་འབབ་རྒྱུ།

གཟའ་འཁོར་འདིའི་ནང་ཆར་པ་འབབ་ཚད། ཤར་རྒྱུད་དང་ནུབ་རྒྱུད་དུ་ཆར་པ་འབབ་མང་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ།

གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་སུ་ཅུང་མཐོ་བ་དང་། ཉིང་ཁྲི་དང་གཙང་པོའི་རྒྱུད་དུ་ཅུང་དམའ་བ། ས་ཁུལ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ།

གནམ་གཤིས་ཀྱི་འགྱུར་ལྡོག་གཙོ་བོ།

གཟའ་ཟླ་བ། ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ལྷ་ས་དང་། ལྷོ་ཁ། ཆབ་མདོ་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ། མངའ་རིས་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

གཟའ་མིག་དམར་ནས་གཟའ་པ་སངས་བར། ནག་ཆུའི་དབུས་ཤར་རྒྱུད་དང་། གཙང་པོའི་རྒྱུད། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ།

གཟའ་མཇུག་ཏུ་ནག་ཆུ་དང་། གཞིས་རྩེ། ལྷ་ས། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ཆབ་མདོའི་ལྷོ་རྒྱུད་དང་ལྷོ་ཁར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། མངའ་རིས་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

གཉིས གྲོས་འགོ

1.གཟའ་འཁོར་འདིའི་ནང་ཆར་པ་འབབ་མང་བ་དང་འབབ་ཤུགས་ཆེ་བས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེའི་ཉེན་ཁའི་རིམ་པ་ཅུང་མཐོ་བས། ལྟ་ཞིབ་ཚད་ལེན་དང་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས།

2.ཕྱི་དྲོ་ནས་ས་སྲོས་བར་གློག་དམར་འཁྱུག་པ་དང་སེར་བ་བབས་པ་སོགས་དུས་ཐུང་གི་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་འགོག་ཟོན་བྱེད་དགོས།