《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

བོད་ལྗོངས་མཁའ་འགྲུལ་གྱིས“ལྷ་ས་ནས་ལན་ཀྲོའུ་བརྒྱུད་གཟི་རྩ་སྡེ་དགུ་བར་གྱི”མཁའ་ལམ་གསར་པ་ཤར་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན། བོད་ལྗོངས་མཁའ་འགྲུལ་གྱི་མཁའ་ལམ་གསར་པ་སྟེ། “ལྷ་ས་ནས་ལན་ཀྲོའུ་བརྒྱུད་གཟི་རྩ་སྡེ་དགུ་བར་གྱི”མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། ལན་ཀྲོའུ་དང་གཟི་རྩ་སྡེ་དགུ་ས་གནས་གཉིས་ཀྱི་གནམ་ཐང་གིས་གནམ་གྲུ་གཏོང་ཐེངས་དང་པོའི་མཛད་སྒོ་སོ་སོར་འཚོགས་པ་རེད། དེ་ནི་འདི་ལོ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་སླར་གསོ་བྱས་ཚུན། གཟི་རྩ་སྡེ་དགུའི་ཧོང་ལུང་གནམ་ཐང་གི་གསར་དུ་ཤར་གཏོང་བྱས་པའི་མཁའ་ལམ་ཐོག་མ་དེ་རེད་ལ། 2003ལོར་གནམ་གྲུ་ཤར་གཏོང་ཐུབ་ཚུན་ལམ་ཐིག་ཡར་མར་གཉིས་ཀ་བོད་དང་སྦྲེལ་བའི་མཁའ་ལམ་ཐོག་མ་དེ་ཡང་རེད།

ཤར་གཏོང་ཐུབ་པའི་མཁའ་ལམ་གསར་པ་དེས། ལྷ་ས་དང་། ལན་ཀྲོའུ། གཟི་རྩ་སྡེ་དགུ་བཅས་དབར་ལ་བར་སྣང་གི་འབྲེལ་ཟམ་ཞིག་བསྐྲུན་ནས་ས་གནས་དེ་གསུམ་པོའི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཡོད།