《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

གསོན་ཤུགས་ཀྱིས་ཁེངས་པའི་མངོན་མིན་རིག་གནས་ཤུལ་བཞག

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལས་དོན་དེ་རིག་གནས་བྱ་གཞག་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་ཁྱད་ལྡན་རིག་གནས་འགྲེམས་སྟོན་དང་། དེ་བཞིན་འཛམ་གླིང་གི་གཙོ་གནད་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་གཞི་རྟེན་གལ་ཆེན་ལ་འགྱུར་བ་བྱས་ཏེ་ཞབས་བྲོ་དང་། རོལ་དབྱངས། ཟློས་གར། མཛེས་རྩལ། གསོ་བ་རིག་པ། སྲོལ་རྒྱུན་དུས་ཆེན། མི་རིགས་ལུས་རྩལ། དམངས་ཁྲོད་རོལ་རྩེད། དམངས་སྲོལ་བྱེད་སྒོ་སོགས་ཡིད་དབང་འཕྲོག་ཤུགས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་འབོར་ཆེན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།

འདི་ནི་ཡུལ་སྐོར་བས་ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་གྲོང་ཚོའི་ཡར་ལུང་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་རུ་ཁག་དང་མཉམ་པར་རྒྱག་བཞིན་པ།