《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

རང་ལྗོངས་ཀྱི་སྒུལ་བདེའི་གཏོང་སྤྲོད་སྟབས་བདེ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“གཏོང་སྤྲོད་ནི་དམངས་ཆེད་ཡིན”པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཛིན་བྱས་ཏེ་ཐོན་ལས་ཕྱོགས་ཁག་དང་མཉམ་འབྲེལ་གྱིས་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུ་བྱ་ཡུལ་རྒྱ་སྐྱེད་བཏང་བ་དང་། དམངས་ཕན་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་ནས་རིམ་གྱིས“སྤྲིན་ཚོམ་མྱུར་སྤྲོད”གཙོ་བོར་བྱེད་པ་དང་གཏོང་སྤྲོད་བྱེད་སྟངས་མང་པོ་མཐུན་སྦྱོར་གོང་འཕེལ་གྱི་ཁོར་ཡུག་ཆེན་པོ་ཆགས་པར་བྱས་ཡོད།

མིག་སྔར། ལྷ་ས་དང་། གཞིས་རྩེ། ནག་ཆུ། ཆབ་མདོ་བཅས་གྲོང་ཁུལ་4ཡི་སྤྱི་སྤྱོད་རླངས་འཁོར་ལ་གཏོང་སྤྲོད་དུད་སྣེ་སྒྱུར་བཀོད་བྱས་ཟིན་པ་དང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས་ཁོངས་གཏོགས་ནང་གི་རྫོང་ཁོངས་ཀྱི“རིག་ལྡན་སྤྱི་སྤྱོད་རླངས་འཁོར”ཐོག་མ་སྒྱུར་བཀོད་ཐུབ་ཅིང་། ལྗོངས་ཡོངས་ཀྱི་རླངས་འཁོར་འཇོག་ས་ཆེ་གྲས་20ལ་ཚོར་མེད་འཁོར་འཇོག་སྒྱུར་བཀོད་ལེགས་སྒྲུབ་བྱས་ཡོད་པ་རེད།