《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁྲིམས་སྐྱོང་འགན་ལེན།

—— རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་ཁྲིད་ཞིབ་འཇུག་པུའི་འཆད་ཁྲིད་དགེ་རྒན་ཧན་ཏེ་ཧུའེ་ཡིས་དམངས་དོན་ཁྲིམས་གཞུང་སྐོར་གླེང་བ།

“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་ཐོག་ནས་མིང་བཏགས་པའི་བཅའ་ཁྲིམས་ཁག་དང་པོ་ཡིན་ལ་རྨང་གཞི་བརྟན་ལ་སྔོན་དཔག་ཡང་དག་པ་དང་ཕུགས་ལ་ཕན་པ་བཅས་ཀྱི་གཞི་རྩའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པས་དམངས་དོན་ཁེ་དབང་སྲུང་སྐྱོང་དེ་ནས་བཟུང‘དམངས་དོན་ཁྲིམས་གཞུང་གི་དུས་རབས’གསར་ཤོས་སུ་སླེབས་ཡོད”གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་ཁྲིད་ཞིབ་འཇུག་པུའི་འཆད་ཁྲིད་དགེ་རྒན་ཧན་ཏེ་ཧུའེ་ཡིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དམངས་དོན་ཁྲིམས་གཞུང་གི་གལ་ཆེའི་རང་བཞིན་དང་ཐོན་པའི་ནུས་པ་གསལ་པོར་བརྗོད་ཡོད།

དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་རྗེས། ཧན་ཏེ་ཧུའེ་ཡིས་ལྗོངས་ཡོངས་ཀྱི་ཚན་པ་ཆེ་ཁག་ཏུ་སློབ་ཚན་ཐེངས་10ལྷག་ཙམ་འཁྲིད་པར་གདན་ཞུ་བྱས་པ་དང་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་ཁྲིད་ཞིབ་འཇུག་པུའི་ངོས་ནས་བརྗོད་ན་ཡོངས་ཁྱབ་ཅིག་ཡིན་པ་རེད། “དམངས་དོན་ཁྲིམས་གཞུང་དེ་བོད་ཀྱི་ཚན་པ་ཁག་ཏུ་དགོས་མཁོ་ཆེན་པོ་ཡོད། དགོས་མཁོ་དེ་ནི་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཁྲིམས་སྐྱོང་དེ་བས་འཐུས་སྒོ་ཚང་དུ་དང་ཕྱོགས་ཡོངས་ཡོང་རྒྱུའི་རེ་བ་ཞིག་ཡིན”ཞེས་ཧན་ཏེ་ཧུའེ་ཡིས་བཤད།

“དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་དེས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བརྟན་དུ་གཏོང་བ། མི་དམངས་ཀྱི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་བའི་ཆུ་ཚད་བརྟན་དུ་དང་མཐོ་རུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ངེས་རེད”བོད་ཀྱི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཡིན་པའི་ངོས་ནས། ཧན་ཏེ་ཧུའེ་ཡིས“སྤྱི་ཚོགས་ཀྱི་ཤེས་བྱ་ཀུན་བཏུས་ཆེ་མོ”ཞེས་བརྗོད་པའི“ཁྲིམས་གཞུང”དེ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་ཡིན་ལུགས་མཐོང་བྱུང་ཞེས་བརྗོད།

“རང་སྐྱོང་ལྗོངས་ཁྲོམ་རའི་དཔལ་འབྱོར་གྱི་གྲངས་འབོར་ཉུང་བ་དང་སྒོ་མོ་འབྱེད་ཚད་མཐོ་པོ་མེད་པས་སྤྱིའི་རྩ་དོན་ལེའུ་སྐབས་དམངས་དོན་བྱེད་པོའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ་གསར་དུ་ཐོན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་དང་དཔལ་འབྱོར་བྱེད་པོ་མང་པོར་དམངས་དོན་བྱེད་པོའི་ཐོབ་ཐང་དང་ལྷག་པར་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་གཞི་རིམ་གྱི་རང་སྐྱོང་རྩ་འཛུགས་ཀྱི་དམངས་དོན་བྱེད་པོའི་ཐོབ་ཐང་ཁ་གསལ་བཟོས་པ་དེས་རང་ལྗོངས་ཀྱི་སྤྱིའི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་བར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད། གཉིས་ནས་རང་ལྗོངས་ཀྱི་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་དཔལ་འབྱོར་རིན་ཐང་འདོན་སྤེལ་མི་ཐུབ་པར་བརྟེན་དངོས་པོའི་བདག་དབང་ལེའུ་ནང་ས་ཞིང་གི་བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་ཀྱི་ཁག་དབྱེའི་ལམ་ལུགས་གཏན་འབེབས་བྱས་ཡོད། ས་ཞིང་ཁྲོམ་རར་བརྒྱུད་བཤུག་བྱས་ཚེ་ས་ཆའི་ཐོན་ཁུངས་ཀྱི་རིན་ཐང་སྔར་བས་མཐོ་རུ་ཕྱིན་ནས་དེས་སྤྱི་དབང་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་འབྲེལ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་ཐེབས་རྒྱུར་ཕན་པ་ཡང་ཐོབ་སྲིད། གསུམ་ནས་རང་ལྗོངས་ནི་མི་རིགས་ས་ཁུལ་ཡིན་པས་མི་རིགས་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་དམིགས་བསལ་རང་བཞིན་ཡོད་ལ་གོམས་གཤིས་ནི་ཉོ་ཚོང་གི་གཞི་འཛིན་ས་གལ་ཆེན་ཡང་ཡིན། གན་རྒྱའི་ལེའུ་ནང་དམངས་དོན་ཉོ་ཚོང་གི་གཏན་འབེབས་ནང་བཅུག་པ་དེས་མི་རིགས་ས་ཁུལ་གྱི་ཁྲོམ་རའི་ཉོ་ཚོང་ལ་སྲུང་སྐྱོང་བྱ་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད”ཅེས་ཧན་ཏེ་ཧུའེ་ཡིས་བཤད།