《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འབྲུབ་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་ འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་དང་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔའི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་སྲིད་གཞུང་ཁོངས་གཏོགས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་ནོར་བུ་དོན་གྲུབ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲང་ཡན་ཆིང་། མོང་ཞའོ་ལིན། ཀྲང་ཧུང་པོ། རེན་ཝུའེ། ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། འབྲུབ་དུས་ཀྱི་ཆེས་འགག་རྩའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐུག་ལ་བཅངས་ཏེ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲུབ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། ང་ཚོར་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་བཀོད་སྒྲིག་ཞིབ་ཚགས་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐོག་གཅིག་གྱུར་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བླང་བྱའི་ཐོག་གཅིག་གྱུར་བཅས་ཡོང་བ་བྱས་ཏེ། ཐོག་མཐའ་བར་གསུམ་དུ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ”རྒྱུན་འཁྱོངས་བྱས་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འབྲུབ་འགོག་གེགས་སེལ་ལ་སྤྱི་འདོམས་བྱ་རྒྱུ་དེ་མིག་སྔའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་འབྲུབ་འགོག་གེགས་སེལ་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བྱས་ནས་མི་དམངས་ཀྱི་རྒྱུ་ནོར་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ། སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཆར་པ་འབབ་ཚུལ་དང་ཆུའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་གནད་སྨིན་གྱི་ཉེན་ཟོན་དྲན་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ས་ཆ་ཁག་གཅིག་གི་དྲག་ཆར་དང་། ཆུ་ལོག འདམ་རྡོའི་ཆུ་རུད། ས་ཡོམ་སོགས་ཀྱི་གནོད་འཚེ་སྔོན་དཔག་དང་ཉེན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲལ་བཤེར་དང་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་གཙང་པོ་དང་ཆུ་བོ་གཙོ་བོའི་ཆུ་རགས་དང་། ཆུ་གློག་གི་སྒྲིག་བཀོད་གལ་ཆེན། གཞུང་ལམ་འགྲིམ་འགྲུལ་གསར་སྐྲུན། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

ཆེ་དགྲ་ལྷས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུའུ་ཞི་དབང་དབྱང་གིས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”དུས་རབས་གསར་པའི་མི་རིགས་ལས་དོན་གྱི“རྩ་འཛིན”དེ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་རུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཞན་ཆ་སེལ་རྒྱུ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གསོན་ཉམས་དོད་པའི་བསླབ་གཞི་ཡག་པོ་སྤྱོད་པ་བཅས་བྱས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ། མཐའ་མཚམས་སྲ་བརྟན་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་དགོས།

(ཉི་དོན་དང་རྣམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)