《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

པར་རིས་སྣེ་འཛོམས།

ཤིས་ཨན་ནས་ཁེ་ཝི་བར་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་དང་པོ་བཏང་བ།

↑ ཟླ་7ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་གྱོན་ཆས་དང་། ལྷམ། རྐང་ཤུབས་སོགས་དངོས་རྫས་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་75028(ཤིས་ཨན)ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཤིན་ཀྲུའུ་མེ་འཁོར་བབས་ཚུགས་ནས་ཐོན་པ་དང་། ཨེར་ལན་ཧའོ་ཐེ་ནས་རྒྱལ་མཚམས་སྒྲོལ་ཏེ་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུ་བརྒྱུད་སྔོན་དཔག་བྱས་ན་ཉིན་བཅུ་གཉིས་ཡས་མས་སུ་ཡུག་རེན་གྱི་རྒྱལ་ས་ཁེ་ཝིར་འབྱོར་རྒྱུ་ཡིན་ཞིང་། འདི་ནི་ཤིས་ཨན་ནས་གཏོང་ཐེངས་དང་པོ་ཡིན་པའི་ཤིས་ཨན་ནས་ཁེ་ཝི་བར་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡིན་པ།

འཇར་མན་དུ་གྲོ་བརྔ་བསྡུ་བྱེད་པ།

↑ འདི་ནི་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་འཇར་མན་གྱི་མོ་ཉི་ཧེའི་ཉེ་འགྲམ་གྱི་གྲོ་ཞིང་དུ་གྲོ་བརྔ་བསྡུ་བྱེད་བཞིན་པ།

སུའེ་ཙེར་དུ་མི་མེད་གནམ་གྲུས་ཞིང་སྨན་སྟོར་བ།

← འདི་ནི་སུའེ་ཙེར་གྱི་པེར་ནའི་ཉེ་འགྲམ་གྱི་རྒུན་འབྲུམ་ལྡུམ་རར་མི་མེད་གནམ་གྲུས་ཞིང་སྨན་སྟོར་བཞིན་པ།