《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

སྐྱིད་སྣང་དོད་པའི་དབྱར་གསེང་།

དབྱར་གསེང་འཆར་ལ་ཉེ་བས། ཕྲུ་གུ་ཚོའི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བ་དང་རྩོམ་རིག་གི་བློ་སྒོ་འབྱེད་ཆེད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཟླ་7ཚེས་25ཉིན“ཨ་ཅག་གིས་སྒྲུང་ཤོད་པ། ང་རང་ཕྲུ་གུའི་འཇིག་རྟེན་དུ་ཁྲིད”ཅེས་པའི་བྱེད་སྒོ་དུས་ཐེངས་112པ་གཉེར་བ་རེད། དེའི་ནང་དཔེ་མཛོད་ཁང་གི་ཨ་ཅག་ཚོས་ཕྲུ་གུ་རྣམས་ལ་སྒྲུང་བཤད་དེ་ཇི་ལྟར་བྱས་ནས་ཆུའི་ནང་མ་ཤོར་བ་བྱེད་སྟངས་སྐོར་ཁ་ཏ་སློབ་གསོ་བྱས་པ་མ་ཟད། ལག་པ་འགུལ་ནས་ཅ་དངོས་བཟོ་སྟངས་ཀྱང་བསླབས་ཡོད། “ཨ་ཅག་གིས་སྒྲུང་ཤོད་པ”ནི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལོ་གསུམ་གྱི་གོང་ནས་གཉེར་བའི་བོད་རྒྱ་སྐད་གཉིས་ཀྱི་རིན་མེད་ངང་སྒྲུང་ཤོད་པའི་བྱེད་སྒོ་ཞིག་ཡིན་ལ། མིག་སྔར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྤུས་རྟགས་བྱེད་སྒོར་གྱུར་ཡོད། འདི་ནི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཨ་ཅག་ལྷག་སྒྲོན་གྱིས་ཕྲུ་གུར་མཛུབ་ཁྲིད་བྱེད་བཞིན་པ།