《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

པད་ཁའི་སྣུམ་གྱི་དྲི་ཞིམ་འཐུལ།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་བཙག་ཁང་ཆུང་ངུའི་རྣམ་གྲངས་2020ལོའི་ཟླ་ལྔ་པ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་དེའི་མ་འཇོག་བསྡོམས་འབོར་སྒོར་ཁྲི་1893.85ཟིན་པ་དང་། དེ་ནི་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་སྤྱད་དེ་བསྐྲུན་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་གཉེར་སྐྱོང་བྱས་རྗེས་རྫོང་ཡོངས་ཀྱི་པད་ཁ་འདེབས་མཁན་དུད་ཚང་4000ལྷག་ལ་སྐུལ་ཁྲིད་ཐེབས་ཏེ། ས་གནས་དེ་ག་ནས་པད་ཁ་ཏུན་3000ལྷག་ཉོ་རྒྱུ་དང་། སྔོན་རྩིས་བྱས་ན་ལོ་ཧྲིལ་པོར་ཐོན་རྫས་རིན་ཐང་སྒོར་ཁྲི་3100ཟིན་རྒྱུ་ཡིན་པ་རེད། འདི་ནི་ལས་དོན་མི་སྣས་སྣུམ་བཙག་ཁང་དུ་པད་ཁའི་སྣུམ་ལ་ཐོག་མའི་ལས་སྣོན་བྱེད་པའི་གནས་ཚུལ་ཡིན་པ།