《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ལྷུན་གྲུབ་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་བ།

སྒྲོག་འགྲེལ་པར“མ་མཐའི་འཇོན་ཐང”སྦྱོང་བརྡར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་25ཉིན་གནས་ཚུལ་འབྱོར་གསལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ལྷུན་གྲུབ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་དང་སྒྲོག་འགྲེལ་པ་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཐད་ཐོག་མཐའ་བར་གསུམ་དུ་སྒྲོལ་འགྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྒྲོག་འགྲེལ་པར“མ་མཐའི་འཇོན་ཐང”སྦྱོང་བརྡར་བྱ་རྒྱུ་སྒྲོག་འགྲེལ་ལས་དོན་གྱི་དོན་ཆེན་ཨང་དང་པོ་དང་གཙོ་གནད་འདུ་འགོད་ལ་བརྩིས་ནས་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་ཡོང་བར་དམ་འཛིན་ལྷོད་མེད་བྱས་པ་རེད།

སྒྲོག་འགྲེལ་པ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་སྒྲོག་འགྲེལ་པའི་གསོ་སྦྱོང་ནང་ཧུར་ཐག་ཞུགས་རྒྱུར་འདེམས་གཏོང་ནན་ཏན་བྱས་ཤིང་། ལྷུན་གྲུབ་རྫོང་གིས་ནང་དུ་གདན་དྲངས་ནས་སློབ་ཁྲིད་བྱེད་པ་དང་ཕྱིར་བསྐྱོད་དེ་སློབ་སྦྱོང་བྱེད་པ་དང་། གཅིག་སྡུད་གསོ་སྦྱོང་དང་རང་སྦྱོང་ལ་སྐུལ་ལྕག་བྱེད་པ། ཚོགས་འདུས་གསོ་སྦྱོང་གི་ཚབ་བྱེད་པ་དང་སྒྲོག་འགྲེལ་གྱིས་སྦྱོང་བརྡར་གྱི་ཚབ་བྱེད་པ། རང་ཚུགས་རྩོམ་འབྲི་དང་བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བ། སྒྲོག་འགྲེལ་རྒྱ་ཁྱབ་དང་གཅིག་སྡུད་དྲག་རྩལ་འགྲན་པ་སོགས་ཕན་ཚུན་ཟུང་འབྲེལ་བྱེད་པ། དངོས་སྒྲུབ་གོ་ཆོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒྲོག་འགྲེལ་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཐབས་རྩལ་སྦྱོང་བར་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། སྐད་ཆ་ཤོད་སྟངས་དང་། གུས་ལུགས་ཚད་ལྡན། དྲི་བར་ལན་འདེབས་རྩལ་སོགས་ལ་སྦྱོང་བརྡར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་བརྒྱབ་སྟེ། སྒྲོག་འགྲེལ་པ་ཚོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། འཆད་ཁྲིད་ཀྱི་མ་ཡིག་འབྲི་བ། སྒྲོག་འགྲེལ་སྣེ་ཁྲིད། དྲག་རྩལ་འགྲན་བསྡུར། སྤེལ་རེས་མཉམ་འགུལ་བཅས་བྱེད་པའི་ཁྲོད་བསམ་བློར་དྲག་ཆས་སྤྲོས་པ་དང་། མཐོང་རྒྱ་ཡངས་སུ་གཏོང་བ། རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས“སློབ་སྦྱོང་ཡག་པོ་ཐུབ་པ་དང་། ལས་ཀ་བྱེད་ཐུབ་པ། སྒྲོག་འགྲེལ་ཡག་པོ་བྱེད་ཐུབ་པ”བཅས་ཀྱི་སྒྲོག་འགྲེལ་ལས་དོན་དཔུང་ཁག་ཅིག་གསོ་སྐྱོང་བྱས་པ་རེད།